དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་དེ་སྔའི་གྲོས་མི་ཐུའོ་ལུན་ཏི་ནུའོ་ལ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་པ།

2025-07-01 15:34:19   |   48

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ7ཚེས1ཉིན་གྱི་གློག་འཕྲིན། ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དུས་མཚམས་ཤིག་རིང་ཧྥི་ལི་ཕིན་གྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་སྲིད་ཚོང་པ་ཁག་གཅིག་གིས་རང་ཉིད་ཀྱི་ཁེ་ཕན་བསམ་ནས། ཀྲུང་གོ་དང་འབྲེལ་བའི་གནད་དོན་ཐད་ངན་སེམས་ཀྱི་གཏམ་སྤྱོད་རབ་དང་རིམ་པ་སྤྱད་དེ། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་གཏོར་བཤིག་བཏང་ཡོད། ཀྲུང་གོ་སྲིད་གཞུང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ཐད་བློ་ཐག་རྦད་ཆོད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བའི་གནད་དོན་ཐད་རྣམ་འགྱུར་ངན་པ་བསྟན་པའི་ཧྥི་ལི་ཕིན་གྱི་དེ་སྔའི་གྲོས་མི་ཐུའོ་ལུན་ཏི་ནུའོ་ལ་བཀག་སྡོམ་བྱས་ནས། མི་དེ་ཀྲུང་གོ་ནང་ཁུལ་དང་ཤང་ཀང་། ཨའོ་མོན་བཅས་སུ་ཡོང་མི་ཆོག་པ་གཏན་འབེབས་བྱས་ཡོད།


མཉམ་སྤྱོད།