དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་འདུ་ནེ་པ་ལར་འཚོགས།

2025-06-25 09:29:19   |   64

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་ཁང་ཀ་ཏ་མན་རྡུ་ནས་ཟླ6པའི་ཚེས24ཉིན་གློག་འཕྲིན་འབྱོར་གསལ།(གསར་འགོད་པ་ཚུའེ་ནན)ནེ་པ་ལར་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཚེས24ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་སྤེལ་རེས་ཚོགས་འདུ་བསྡུས། ནེ་པ་ལའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་། ནེ་པ་ལར་སྡོད་པའི་བོད་རིགས་སྤུན་ཟླ། ནེ་པ་ལའི་ན་གཞོན་འཐུས་ཚབ་དང་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་བཅས་ཚོགས་འདུར་ཞུགས།

4.JPG

ཟླ6པའི་ཚེས24ཉིན་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་འདུ་ནེ་པ་ལའི་ཀ་ཏ་མན་རྡུ་རུ་འཚོགས།

སྤེལ་རེས་ཚོགས་པ་ནི་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། ཁོངས་མིའི་ནང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་བོད་རིག་པའི་མཁས་ཅན་དང་མཁས་དབང་སོགས་ཚུད་ཡོད།

སྤེལ་རེས་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚོགས་ཞུགས་མི་སྣར་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན། གསེར་བུམ་དཀྲུགས་འདོན་ལམ་ལུགས། དུས་རབས་གསར་པའི་བོད་ཀྱི་ཆོས་ལུགས་དད་མོས་རང་མོས་ཀྱི་གནས་ཚུལ། བོད་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་དང་དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་འདུ་ཤེས་དང་གྲུབ་འབྲས་སོགས་ངོ་སྤྲོད་བྱས། 

སྤེལ་རེས་ཚོགས་པས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་སྲིད་གཞུང་གིས་ལོ་ལྟར་ཁ་གསབ་མི་དམངས་ཤོག་སྒོར་ཁྲི2600ལྷག་ཙམ་བཏང་ནས་བོད་ཀྱི་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན། ཐོལ་བྱུང་རྨས་སྐྱོན་འགན་བཅོལ། བདེ་ཐང་བརྟག་དཔྱད་བཅས་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱེད་བཞིན་ཡོད། སྤེལ་རེས་ཚོགས་པས་ད་དུང་ས་གནས་ས་ཐོག་ཏུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་སོགས་ཀྱི་དྲི་བར་ལན་བཏབ་པ་དང་། ཚོགས་ཞུགས་མི་སྣར་དོགས་གནད་འགྲེལ་བཤད་བརྒྱབ།

སྤེལ་རེས་ཚོགས་པས་ནེ་པ་ལར་འཚམས་འདྲི་བྱེད་རིང་ད་དུང་ལན་པོ་ཉི་གསར་སྤེལ་ཨུ་ལྷན་གྱི་དཔོན་རིགས་ལ་འཚམས་འདྲི་བྱས། ཟླ་འདིའི་ཚེས16ནས23ཉིན་བར་སྤེལ་རེས་ཚོགས་པས་སྔ་རྗེས་སུ་མོང་གོལ་རྒྱལ་ཁབ་དང་འཇར་པན་ལ་འཚམས་འདྲི་བྱས།


མཉམ་སྤྱོད།