དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱི་ཙུང་ཐུང་གིས་དམག་འཁྲུག་མཇུག་སྒྲིལ་བས་བསྐྱར་སྐྲུན་ལས་དོན་སྤེལ་རྒྱུ་ཡིན་ཞེས་བཤད།

2025-06-25 08:42:44   |   51

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ6པའི་ཚེས25ཉིན་གློག་འཕྲིན་འབྱོར་གསལ། ཨ་ལ་པི་ཡའི་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས24ཉིན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་རྒྱལ་ཡོངས་ལ་གཏམ་བཤད་གནང་སྟེ། “དབྱི་སི་རལ་གྱིས་བསླངས་པའི་ཉིན12ལ་རྒྱུན་མཐུད་བྱས་པའི་དམག་འཁྲུག་མཇུག་སྒྲིལ་བ”ཁྱབ་བསྒྲགས་བྱས།

ཕེ་ཙེ་ཞི་ཆི་དབྱང་གིས་དམག་འཁྲུག་དེ་དབྱི་སི་རལ་གྱིས་བསླངས་པ་ཞིག་ཡིན་མོད། འོན་ཀྱང་དབྱི་རན་གྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་རྗེས་དམག་འཁྲུག་མཇུག་སྒྲིལ་བ་རེད་ཅེས་བཤད་པ་དང་། དེ་དང་ཆབས་ཅིག་ཁོང་གིས་རྒྱལ་ཁབ་དེའི་སྡེ་ཚན་ཁག་ལ་བསྐྱར་སྐྲུན་ལས་དོན་སྤེལ་རྒྱུའི་བླང་བྱ་བཏོན་པ་སྟེ། “དེ་རིང་ནས་བཟུང་སྲིད་གཞུང་དང་འབྲེལ་ཡོད་སྒྲིག་གཞིས་བསྐྱར་སྐྲུན་བྱེད་མགོ་བརྩམ་སྟེ་རྒྱུན་གཏན་ལྟར་སླར་གསོ་བྱ་དགོས”ཞེས་བཤད།

ཁོང་གིས་ད་དུང་གལ་ཏེ་དབྱི་སི་རལ་གྱིས་དམག་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་ཞུས་ཚེ་དབྱི་རན་གྱིས་ཀྱང་རྒྱབ་འགལ་བྱེད་མི་སྲིད་ཅེས་བཤད།


མཉམ་སྤྱོད།