དེ་རིང་ནི2025ལོའི་ཟླ07པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིས་ཡུག་རེན་ལ་མུ་མཐུད་དུ་མཚོན་ཆ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ།

2025-07-09 14:58:43   |   95

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


 ས་གནས་དེ་གའི་དུས་ཚོད་ཟླ7ཚེས7ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཨ་རིར་འཚམས་འདྲིར་སླེབས་པའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ཕོ་བྲང་དཀར་པོར་སྣེ་ལེན་བྱས་པའི་དགོང་མོའི་གསོལ་སྟོན་ཐོག ཨ་རིས་ཡུག་རེན་ལ་མཚོན་ཆ་དེ་བས་མང་བ་མཁོ་འདོན་བྱས་ནས་ཡུག་རེན་གྱིས་རང་སྲུང་བྱེད་པར་རོགས་རམ་བྱ་རྒྱུ་ཡིན། ང་ཚོས་མཚོན་ཆ་དེ་བས་མང་བ་མཁོ་འདོན་མི་བྱེད་ཐབས་མེད་རེད། གཙོ་བོ་ནི་འགོག་སྲུང་རང་བཞིན་གྱི་མཚོན་ཆ་ཡིན་ཞེས་བཤད་ཡོད།

     ཁྲོམ་ཕུ་ཡིས་ད་དུང་དྲང་མོར་བཤད་ན། ཙུང་ཐུང་ཕུའུ་ཅིང་གིས་དམག་འཁྲུག་མཚམས་མ་བཞག་པ་དེར་ང་རང་བློ་ཕམ་བྱུང་ཞེས་བཤད་ཡོད།

     ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཚེས7ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཡུག་རེན་གྱི་མངའ་སྡེ་མང་པོ་ཞིག་ལ་མཁའ་ཐོག་འཇབ་རྒོལ་ཕོག་ཡོད། འདས་ཟིན་པའི་གཟའ་འཁོར་གཅིག་གི་ནང་ཨུ་རུ་སུའི་དམག་གིས་ཡུག་རེན་གྱི་མངའ་ཁོངས་སུ་ཁྱོན་འཕུར་མདེལ39དང་མི་མེད་གནམ་གྲུ1270 དེ་བཞིན་མཁའ་འགྲུལ་སྣེ་ཁྲིད་འབར་མདེལ་ཆིག་སྟོང་ཙམ་བཅས་འཕེན་གཏོང་བྱས་ཡོད་ཅེས་བཤད་ཡོད།

     ས་གནས་དེ་གའི་དུས་ཚོད་ཟླ7ཚེས3ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཡིས་ཨ་རིས་ཡུག་རེན་ལ་རོགས་རམ་བྱེད་མོད། འོན་ཀྱང་ངེས་པར་དུ“སྔོན་ལ་ང་ཚོ་རང་ཉིད་ལ་མཚོན་ཆ་འདང་ངེས་ཡོད་པ་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་མྱོང་།

     ཨ་རིའི་ཕོ་བྲང་དཀར་པོ་དང་ཨ་རིའི་རྒྱལ་སྲུང་པུས་ཟླ7ཚེས1ཉིན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་ཁག་གཅིག་གནས་སྐབས་བྱེད་མཚམས་བཞག་པ་ར་སྤྲོད་བྱས་ཡོད། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨན་ན·ཁེ་ལིས་གསལ་བསྒྲགས་ཤིག་གི་ནང་། ཨ་རིའི་རྒྱལ་སྲུང་པུས་ཨ་རིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཞན་དག་ལ་དམག་དོན་རོགས་སྐྱོར་བྱེད་པར་ཞིབ་བཤེར་བྱས་རྗེས། “ཨ་རིའི་ཁེ་ཕན་ཨང་དང་པོར་འཇོག་རྒྱུའི་ཐག་བཅད་ཡོད”ཅེས་བཤད་ཡོད།

     ཨ་རིའི་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཨ་རིའི་རྒྱལ་སྲུང་པུ་ཀྲང་གིས་གཟའ་འཁོར་ཁ་ཤས་སྔོན་ལ་ཨ་རིའི་གོ་མཚོན་མཛོད་ཉར་ལ་ཞིབ་བཤེར་བྱ་རྒྱུའི་བཀའ་བཏང་ཡོད། ལོ3རིང་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱས་པ་ཕུད། ཉེ་ཆར་ཨ་རིས་ད་དུང་ཡེ་མེན་ཧུའུ་སའེ་དྲག་ཆས་ལ་མཁའ་ཐོག་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་ལ་གོ་མཚོན་མཁོ་འདོན་བྱས་པ། དབྱི་རན་ལ་མཁའ་ཐོག་འཇབ་རྒོལ་བྱེད་པའི་ནང་ཞུགས་པ་སོགས་ཀྱིས་མཛོད་ཉར་གོ་མཚོན་མགྱོགས་མྱུར་ཉུང་དུ་ཕྱིན་ཡོད་པ་རེད།


མཉམ་སྤྱོད།