དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕྱི་འབྲེལ་པུས་སྒོ་ཁྲལ་གང་བྱུང་དུ་ལག་བསྟར་བྱེད་པ་དེ་ཕྱོགས་གང་རུང་ཞིག་གི་ཁེ་ཕན་དང་མི་མཐུན་ཞེས་བསྟན་པ།

2025-07-10 17:11:06   |   54

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7ཚེས10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གསར་འགོད་པས་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཁ་སང་ནང་འདྲེན་ཟངས་ལ་སྒོ་ཁྲལ50%བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་ཡིན་ཟེར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས་གནད་དོན་དེར་ང་ཚོའི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་ཁྱབ་ཇེ་ཆེར་གཏོང་བར་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་ད་དུང་ཐོག་མཐའ་བར་གསུམ་དུ་སྒོ་ཁྲལ་འཐབ་རྩོད་དང་ཚོང་དོན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་། སྒོ་ཁྲལ་གང་བྱུང་དུ་ལག་བསྟར་བྱེད་པ་དེ་ཕྱོགས་གང་རུང་གི་ཁེ་ཕན་དང་མི་མཐུན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན།

(སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་ཞུའེ་སུང་།)


མཉམ་སྤྱོད།