དེ་རིང་ནི2025ལོའི་ཟླ07པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་ཨ་རིས་ཡུག་རེན་ལ“རྒྱལ་གཅེས་པའི”མཁའ་ཟོན་འཕུར་མདེལ་དབོར་སྐྱེལ་བྱ་རྒྱུ་ཡིན་ཞེས་བཤད་པ།

2025-07-14 10:47:16   |   68

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ7ཚེས14ཉིན་གྱི་གློག་འཕྲིན། ཕྱོགས་བསྡུས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ7ཚེས13ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཨ་རིས་ཡུག་རེན་ལ“རྒྱལ་གཅེས་པའི”མཁའ་ཟོན་འཕུར་མདེལ་དབོར་སྐྱེལ་བྱ་རྒྱུ་ཡིན་ཞེས་བཤད། 

f3ba8f54c961beaee8c4e83e01236ca.jpg

ས་གནས་དེ་གའི་དུས་ཚོད2025ལོའི་ཟླ7ཚེས་6ཉིན་ཨ་རི་ཙུང་ཐུང་ཁྲོམ་ཕུ་ཡིས་སྨྱན་སྦྱོར་ལ་ལག་པ་གཡུག་གཡུག་བྱས་ནས་བསམ་ཚུལ་བསྟན། འདྲ་པར་ཡོང་ཁུངས། མཐོང་ཚོར་ཀྲུང་གོ། 

གནས་ཚུལ་སྤེལ་བར་གཞིགས་ན། ཁྲོམ་ཕུས་དབོར་སྐྱེལ་གྱི་གྲངས་འབོར་ཕྱིར་བསྒྲགས་བྱས་མེད། 

ཕེང་པོ་གསར་འགྱུར་ཁང་གིས་བྱ་སྤྱོད་དེའི་ཐོག་ནས་ཁྲོམ་ཕུ་ཡི་རྣམ་འགྱུར་ལ་འགྱུར་ལྡོག་ཕྱིན་པ་མཚོན་གྱི་ཡོད་པ་དང་། འགན་འཛིན་དུས་ཡུན་གཉིས་པ་མགོ་བརྩམས་པ་ནས་བཟུང་། ཁྲོམ་ཕུས་ཡུག་རེན་ལ་མཚོན་ཆ་གསར་པ་གང་ཡང་དབོར་སྐྱེལ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་ཆོག་མཆན་སྤྲད་མེད་ཅེས་བཤད།

གནས་ཚུལ་སྤེལ་བའི་ནང་ད་དུང་བྱང་ཆིངས་ཀྱི་དྲུང་ཆེན་ལུའེ་ཐེ་ཡིས་ཚེས14ཉིན་ཁྲོམ་ཕུ་དང་ཐུག་འཕྲད་བྱས་ནས། ཡུག་རེན་དང་གཞན་དག་གི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་ཡོད།


མཉམ་སྤྱོད།