དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཚན་གྱིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཤི་བའི་མི་གྲངས་ཁྲི5.8ལས་བརྒལ་ཡོད་ཅེས་བཤད།

2025-07-15 08:49:05   |   135

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

ཟླ7པའི་ཚེས13ཉིན། ཅ་ཧྲ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐྱེས་པ་ཞིག་གིས་དམག་དཔུང་གི་མཁའ་རྒོལ་ཁྲོད་རྨས་སྐྱོན་ཕོག་པའི་བུ་མོ་ཆུང་ཆུང་ཞིག་གི་པང་དུ་བླངས་འདུག

ཚེས13ཉིན་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་ན། 2023ལོའི་ཟླ10པ་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་བྱུང་ཚུན་ནས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་ནང་མི58026རྐྱེན་ལམ་དུ་ཤོར་བ་དང་། མི138520ལ་རྨས་སྐྱོན་ཕོག་པ་རེད་ཅེས་བཤད།


མཉམ་སྤྱོད།