དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་ཡུག་གདོང་ཐུག་སྐོར་གྱི་ཆ་འཕྲིན་གསར་ཤོས།

2025-07-15 15:20:08   |   122

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས13ཉིན་བརྡ་ཁྱབ་བཏང་ནས། ཨུ་རུ་སུའི་དམག་གིས་ཏུན་ཉི་ཚེ་ཁེ་ས་ཁུལ་གྱི་ཁའར.མར་ཁེ་སི་སྡེ་བ་དང་ཉི་ཀུའུ་ལ་ཡེ་ཕུའུ་ཁ་སྡེ་བ་གཉིས་ཚོད་འཛིན་བྱས་ཟིན་ཞེས་བརྗོད་པ་རེད། 

ཨུ་རུ་སུའི་དམག་དོན་རིགས་གཅིག་མཁས་པས་དབྱེ་ཞིབ་བྱས་ཏེ། ཁའར.མར་ཁེ་སི་སྡེ་བ་ཚོད་འཛིན་ཐུབ་པ་དེ་ནི་ཨུ་རུ་སུའི་དམག་གིས་ཏུན་ཉི་ཚེ་ཁེའི་ལྷོ་ཕྱོགས་ལ་དཔུང་འཇུག་བྱེད་པའི་ཁྲོད་ཐོབ་པའི་རྒྱལ་ཁ་གཞན་ཞིག་རེད། ཨུ་རུ་སུའི་དམག་གིས་ཡུལ་མིའི་གཏན་སྡོད་ཁུལ་ལྷག་མ་གཉིས་ལ་མུ་མཐུད་དེ་དཔུང་འཇུག་དང་ཚོད་འཛིན་བྱེད་པ་དང་བསྟུན་ནས། ཨུ་རུ་སུའི་དམག་གིས་ཏུན་ཉི་ཚེ་ཁེ་ས་ཁུལ་གྱི་ལྷོ་རྒྱུད་མཐའ་མཚམས་ཡོངས་རྫོགས་ཚོད་འཛིན་ཐུབ་རེ་ཡོད་ཅེས་བརྗོད་ཡོད། 

ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཚེས13ཉིན། ཨུ་རུ་སུས་ཡུག་རེན་ལ་དུས་ཡུན་ཉིན་བདུན་རིང་གི་མཁའ་ཐོག་འཇབ་རྒོལ་བསྟུད་མར་བྱས་པ་དང་། གཟའ་འཁོར་འདིའི་ནང་། ཨུ་རུ་སུས་མི་མེད་གནམ་གྲུ1800ལྷག་དང་། ཚོད་འཛིན་དང་སྣེ་ཁྲིད་འབར་མདེལ1200ལྷག་དེ་བཞིན་རིགས་ཁག་གི་འཕུར་མདེལ83བཅས་སྤྱད་དེ། ཡུག་རེན་གྱི་གྲོང་ཁྱེར་དང་སྡེ་ཁུལ་ལ་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་པ་རེད། 

ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་ཚེས13ཉིན། ཅུ་དེས་ཉིན་དེའི་ཞོགས་པར་ཅི་ཕུའུ་མངའ་སྡེར་དམིགས་བསལ་བྱ་སྤྱོད་ཅིག་སྤེལ་ནས། ཉིན་ཤས་གོང་བདེ་འཇགས་ཅུ་དེའི་ཧྲང་ཞའོ་ལས་བྱེད་པ་ཞིག་ལྐོག་གསོད་བྱེད་མཁན་ཨུ་རུ་སུའི་དམིགས་བསལ་ལས་འགན་སྒྲུབ་མཁན་གཉིས་བསད་ཡོད་ཅེས་བརྗོད་པ་རེད། 

ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་ཟུར་གསལ་བྱས་པར་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའི“དམིགས་བསལ་གཡུལ་འགྱེད་ཚོ་ཆུང”གིས་སྔ་ནུར་དུ་ཡུག་རེན་མངའ་ཁོངས་ནས་འཛུལ་བ་མ་ཟད། ཉིན་གསུམ་གོང་ཡུག་རེན་བདེ་འཇགས་ཅུའི་ཧྲང་ཞའོ་ལས་བྱེད་པ་དབྱི་ཝན.ཝོ་ལུའོ་ཉི་ཆི་ལྐོག་གསོད་བྱས་ཡོད། ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་གསང་བའི་སྒོ་ནས་འཚོལ་བཤེར་དང་གསང་མྱུལ་ལ་རྒོལ་རྡུང་གཏོང་བའི་བྱ་ཐབས་སྤྱད་པ་བརྒྱུད། ཅེ་ཕུའུ་མངའ་སྡེར་ཨུ་རུ་སུའི་དམིགས་བསལ་ལས་འགན་སྒྲུབ་མཁན་གྱི་གབ་སྡོད་བྱེད་གནས་རྙེད་ཡོད། འཛིན་བཟུང་བྱེད་པའི་བརྒྱུད་རིམ་ནང་། ཕྱོགས་གཉིས་པོའི་བར་མེ་མདའ་རྒྱག་རེས་བྱས་པ་དང་། ཨུ་རུ་སུའི་དམིགས་བསལ་ལས་འགན་སྒྲུབ་མཁན་གཉིས་པོ་བསད་ཡོད་པ་རེད།


མཉམ་སྤྱོད།