དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར་བ།

2025-07-25 16:22:49   |   50

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   བཤེར་འབེབས། རིན་ཆེན་ཚེ་རིང་།


113002e5fdf07fd9f7ce66b280da829.jpg

△ཨན-24འགྲུལ་སྐྱེལ་གནམ་གྲུ།(དཔྱད་གཞིའི་པར་རིས)

ས་གནས་དེ་གའི་དུས་ཚོད་ཚེས24ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཨུ་རུ་སུའི་ཛ་དྲག་གནས་ཚུལ་སྡེ་ཁག་གི་གནས་ཚུལ་ལས་མངོན་པར། མི49ཡོད་པའི་ཨུ་རུ་སུའི་ཨན-24འགྲུལ་སྐྱེལ་གནམ་གྲུ་ཞིག་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་ཨ་མུའུ་ཨེར་མངའ་སྡེར་གར་སོང་ཆ་མེད་དུ་གྱུར་ཡོད།

ཨུ་རུ་སུའི་ཛ་དྲག་གནས་ཚུལ་སྡེ་ཁག་གིས་པུའུ་ལ་ཀེ་ཝེ་ཧྲེན་སི་ཁེ་ནས་སྨི-8ཐད་འཕུར་གནམ་གྲུ་ཞིག་མངགས་ཏེ་མཁའ་ཐོག་ནས་འཚོལ་ཞིབ་བྱེད་བཞིན་པ་དང་ཆབས་ཅིག  མི12ལས་གྲུབ་པའི་ཚོ་ཆུང་མངགས་ནས་ས་ངོས་སུ་འཚོལ་ཞིབ་བྱེད་བཞིན་ཡོད། འཚོལ་སྐྱོབ་ལས་དོན་དེ་མིག་སྔའི་ཆར་བར་སྣང་ནས་གཙོ་བོར་བྱེད་བཞིན་ཡོད་མོད། འོན་ཀྱང་རྒྱ་ཁྱོན་ཆེ་བའི་ནགས་ཚལ་གྱི་རྐྱེན་པས་འཚོལ་སྐྱོབ་ཀྱི་དཀའ་ངལ་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་ཐོན་པའི་གནམ་གྲུའི་ནང་འགྲུལ་པ43དང་གནམ་གྲུའི་ལས་མི6ཡོད་པ་དང་། གནམ་གྲུ་དེ་ནི་ཧ་པ་ལུའོ་ཕུའུ་སི་ཁེ-པུའུ་ལ་ཀེ་ཝེ་ཧྲེན་སི་ཁེ-ཐེང་ཏ་བཅས་ཀྱི་མཁའ་ལམ་དུ་འཕུར་སྐྱོད་བྱེད་ཀྱི་ཡོད་པ་རེད།

རྒྱལ་སྤྱིའི་ཡིག་སྐྱེལ་འཕྲིན་སྤེལ་ཁང་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འགྲུལ་སྐྱེལ་གནམ་གྲུ་དེ་ཨན་ཅ་ལ་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་། དམིགས་ས་དང་བར་ཐག་སྤྱི་ལེ་ཁ་ཤས་ཡོད་པའི་སར་མཁའ་འགྲུལ་དོ་དམ་དང་འབྲེལ་བ་ཆད་ཡོད།

གཞན་ཡང་ཆ་འཕྲིན་ཤེས་མཁན་མི་སྣས་བཤད་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་འཕུར་སྐྱོད་བྱེད་རིང་ཛ་དྲག་གི་གནས་ཚུལ་ཐོན་པའི་བརྡ་རྟགས་བཏང་མེད་པ་རེད། 

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ལྷན་འགྲིམ་འགྲུལ་སྐྱེལ་འདྲེན་བརྟག་དཔྱད་སྤྱི་ཁྱབ་ཅུས་དོན་རྐྱེན་དེར་གྱོད་དོན་ཐོ་འགོད་བྱས་ནས་ཉེས་དོན་བརྟག་དཔྱད་བྱེད་མགོ་བརྩམས་ཡོད་ཅེས་བརྗོད་ཡོད།


མཉམ་སྤྱོད།