དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁམ་ཕུ་ཁྲེ་དང་ཐེ་ལན་མཐའ་མཚམས་མཉམ་འབྲེལ་ཨུ་ལྷན་གྱི་དམིགས་བསལ་ཚོགས་འདུའི་གྲ་སྒྲིག་ལས་དོན་མ་ལེ་ཞི་ཡར་སྤེལ་མགོ་ཚུགས།

2025-08-04 11:00:58   |   323

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཤིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཁྭ་ལ་ལུམ་ཕུར་ནས་ཟླ8པའི་ཚེས4ཉིན་གྱི་གློག་འཕྲིན། ཁམ་ཕུ་ཁྲེ་དང་ཐེ་ལན་མཐའ་མཚམས་མཉམ་འབྲེལ་ཨུ་ལྷན་གྱི་དམིགས་བསལ་ཚོགས་འདུ་གྲ་སྒྲིག་བྱ་ཆེད་འཚོགས་པའི་དྲུང་ཡིག་ཁྲུའུ་ཡི་ཚོགས་འདུ་དེ་ཚེས4ཉིན་གྱི་སྔ་དྲོ་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་འཚོགས་པ་དང་། ཁམ་ཕུ་ཁྲེ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དམག་དཔོན་གྱི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།

མ་ལེ་ཞི་ཡའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་ཚོགས་འདུ་མ་ལེ་ཞི་ཡའི་དྲག་ཆས་དཔུང་སྡེས་གཙོ་སྐྱོང་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ཚོགས་འདུ་དེ་ཚེས་6ཉིན་བར་འཚོག་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་དམིགས་བསལ་ཚོགས་འདུའི་སྒྲོམ་གཞི་གཏན་འཁེལ་བྱ་རྒྱུ་དང་འབྲེལ་གྲོས་རིམ་གྱི་ནང་དོན་དང་འབྲེལ་ཡོད་བཀོད་སྒྲིག་ཐད་ཐུན་མོང་གི་ངོས་འཛིན་ཡོང་བ་བྱ་རྒྱུ་དེ་རེད། འཆར་གཞི་ལྟར་ན། མཐའ་མཚམས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་ཚོགས་འདུ་དེ་ཚེས7ཉིན་འཚོག་རྒྱུ་རེད།

ཐེ་ལན་གྱི་ལས་ཚབ་ཙུང་ལི་ཕུའུ་ཐན་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ཡིས་ཟླ7པའི་ཚེས28ཉིན་མ་ལེ་ཞི་ཡར་གྲོས་མོལ་གནང་བ་རེད། དུས་ཚོད་གསུམ་ཙམ་གྱི་གྲོས་མོལ་བྱས་རྗེས་ཕྱོགས་གཉིས་པོས“ཆ་རྐྱེན་མེད་པར”དམག་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས། འཚོག་ཉེར་ཡོད་པའི་མཐའ་མཚམས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་ཚོགས་འདུ་དེ་དམག་མཚམས་འཇོག་པའི་གྲོས་མཐུན་དོན་འཁྱོལ་དང་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཞི་བདེ་དང་བརྟན་ལྷིང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རེད།


མཉམ་སྤྱོད།