དེ་རིང་ནི2025ལོའི་ཟླ08པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོ་ལན་གྱིས་ཡུག་རེན་ལ་ཡོ་སྒོར་དུང་ཕྱུར5ཡི་ཨ་རིའི་མཚོན་ཆ་མཁོ་འདོན་བྱ་རྒྱུ་རེད།

2025-08-05 15:29:51   |   65

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཤིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཧེ་ཡ་ནས་ཟླ8པའི་ཚེས4ཉིན་གྱི་གློག་འཕྲིན། ཚེས4ཉིན་ཧོ་ལན་ནང་བློན་ཁང་གི་རྒྱལ་སྲུང་བློན་ཆེན་པུའུ་ལེ་ཁེར་མན་སིས་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་ནས་ཧོ་ལན་གྱིས་ཡུག་རེན་ལ་ཡོ་སྒོར་དུང་ཕྱུར5ཡི་ཨ་རིའི་གོ་མཚོན་སྒྲིག་ཆས་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། དེའི་ནང“རྒྱལ་གཅེས་པའི”མཁའ་ཟོན་འཕུར་མདེལ་མ་ལག་གི་ལྷུ་ལག་ཚུད་ཡོད་ཅེས་འཁོད་ཡོད་པ་རེད།

གནས་ཚུལ་ཤེས་མཁན་གྱིས་བཤད་པ་ལྟར་ན། དེ་གོང་ཨ་རི་དང་བྱང་ཆིངས་ཀྱིས་ལམ་སྲོལ་གསར་པ་ཞིབ་འཇུག་བྱས་ནས་འཛུགས་བཞིན་ཡོད་པ་དང་། “ཡུག་རེན་གྱི་དགོས་མཁོའི་དམིགས་བསལ་གསལ་ཐོ”བཟོས་ནས་བྱང་ཆིངས་ཁོངས་མིའི་རྒྱལ་ཁབ་ཀྱི་མ་དངུལ་སྤྱད་དེ་ཨ་རིའི་མཚོན་ཆ་ཉོ་སྒྲུབ་བྱས་ཏེ་ཡུག་རེན་ལ་དམག་དོན་གྱི་རྒྱབ་སྐྱོར་བྱེད་རྩིས་ཡོད་ཅེས་བཤད་པ་རེད། ཚེས4ཉིན། བྱང་ཆིངས་ཀྱི་དྲུང་ཡིག་ཆེན་མོ་ལུའེ་ཐེ་ཡིས་གསལ་བསྒྲགས་ཤིག་གི་ནང་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་དག་ལམ་སྲོལ་དེའི་ནང་ཞུགས་རྒྱུར་འཕྲིན་ཡིག་སྤྲིངས་ཡོད་ཅེས་བཤད་པ་རེད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དེ་གོང་ཨ་རིས་ཡུག་རེན་དམག་དཔུང་ལ་རོགས་སྐྱོར་བྱེད་པར་ཡོ་རོབ་མནའ་འབྲེལ་གྱིས་འགན་འཁུར་དགོས་ཞེས་ཐེངས་མང་པོར་བསྟན་ཡང་། ཞིབ་ཕྲའི་ཇུས་གཞི་ཕྱིར་བསྒྲགས་བྱས་མེད།


མཉམ་སྤྱོད།