དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་ཁོ་རེ་ཡས་ཀྲུང་གོའི་ཚོགས་པའི་གནས་སྐོར་བ་ཐོངས་མཆན་འགོད་མི་དགོས་པར་རྒྱལ་ཁོངས་སུ་འགྲོ་ཆོག་པའི་སྲིད་ཇུས་དེ་རིང་ནས་བཟུང་ཚོད་ལྟའི་ལག་བསྟར་བྱས་པ།

2025-09-29 09:04:08   |   33

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་ཟླ9ཚེས29ཉིན་ནས་བཟུང་། ཀྲུང་གོའི་ཚོགས་པའི་གནས་སྐོར་བར་རྒྱལ་ཁོངས་བརྒལ་བའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་སང་ལོའི་ཟླ6ཚེས30ཉིན་བར་ཚོད་ལྟ་བྱ་རྒྱུ་རེད།

ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་ལག་བསྟར་བྱེད་རིང་། ཀྲུང་གོའི་མི་གསུམ་ཡན་གྱི་ཚོགས་པའི་གནས་སྐོར་བ་ཐོངས་མཆན་འགོད་མི་དགོས་པར་ལྷོ་ཁོ་རེ་ཡའི་རྒྱལ་ཁོངས་སུ་འགྲོ་ཆོག་པ་དང་འབྲེལ་ཉིན15ལ་སྡོད་ཆོག ཅི་ཀྲོའུ་ས་ཁུལ་དེ་སྔོན་དང་འདྲ་བར་མི་སྒེར་དང་ཚོགས་པའི་གནས་སྐོར་བ་ཚང་མ་ཐོངས་མཆན་འགོད་མི་དགོས་པར་འགྲོ་ཆོག་པ་དང་འབྲེལ་ཉིན30ལ་སྡོད་ཆོག་གི་ཡོད་པ་རེད། (ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་སྤྱོད་སྣེ། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་ཡུན།)


མཉམ་སྤྱོད།