དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་དུ་རྡོག་རྫིས་བཏང་བའི་དོན་རྐྱེན་བྱུང་ནས་མི36རྐྱེན་ལམ་དུ་ཤོར་བ་དང་། མོ་ཏིས་རྩོམ་ཡིག་སྤེལ་ནས་མྱ་ངན་ཞུས་པ།

2025-09-28 15:36:12   |   73

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།   


12f73432fa839a0ef8fa1fd8bc42ea72.jpg

 ས་གནས་དེ་གའི་དུས་ཚོད་ཚེས27ཉིན། རྒྱ་གར་ལྷོ་རྒྱུད་ཀྱི་ཐའེ་སྨིར་ན་ཏེ་པང་གི་འདེམས་བསྐོའི་འདུ་ཚོགས་ཤིག་གི་ཐོག་རྡོག་རྫིས་བཏང་བའི་དོན་རྐྱེན་བྱུང་བ་དང་། རྡི་ལི་གསར་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས27ཉིན་གྱི་དགོང་མོའི་ཆུ་ཚོད11བར་དུ་མི་ཤི་ཚད36བར་མང་དུ་ཕྱིན་པའི་ནང་བྱིས་པ8ཚུད་ཡོད་ལ། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། འདུ་ཚོགས་ནང་མི་ཁྲི3འཛོམས་ཡོད་པ་རེད།

     གནས་འཕྲིན་སྤེལ་བའི་ནང་རྡོག་རྫིས་གཏོང་བའི་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་དགོང་མོའི་ཆུ་ཚོད7དང་སྐར་མ45ཙམ་ལ་འདུ་འཛོམས་ནང་ཞུགས་མཁན་མང་པོ་ཞིག་གར་སྟེགས་སུ་འཚང་ཁ་བརྒྱབ་པ་ན། མི་ཁག་གཅིག་གི་ལམ་འགག་ནས་འགྱེལ་ཏེ་རྡོག་རྫིས་ཐེབས་པ་རེད། མཐོང་མཁན་གྱིས་བཤད་པར་གཞིགས་ན། དོན་རྐྱེན་བྱུང་བའི་ཡུལ་དངོས་སུ་མི་མང་དྲགས་པས་འཚང་ཁ་ཆེན་པོ་འདུག་ཟེར།

     གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་གི་ཆབ་སྲིད་འདུ་འཛོམས་དེ་ས་གནས་དེ་གའི་འཁྲབ་སྟོན་པ་གྲགས་ཅན་ཞིག་གིས་སྤེལ་བ་དང་། སྤེལ་དོན་ཡང་ཁོས་བཙུགས་པའི་སྲིད་ཏང་གིས་སང་ལོའི་ལོ་མགོར་འཚོག་རྒྱུ་ཡིན་པའི་ས་གནས་ཀྱི་འདེམས་བསྐོའི་ནང་ཞུགས་རྒྱུའི་འགྲན་རྩོད་ཀྱི་སྟོབས་ཤུགས་བསྐྲུན་ཆེད་ཡིན་པ་རེད།

     རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་འདས་པོར་མྱ་ངན་ཞུས་པ་དང་རྨས་མ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།


མཉམ་སྤྱོད།