དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིས་ཡོ་རོབ་མནའ་འབྲེལ་གྱི་རླངས་འཁོར་ལ་སྒོ་ཁྲལ15%བསྡུ་རྒྱུའི་སྤྱི་བསྒྲགས་དངོས་སུ་སྤེལ་བ།

2025-09-25 15:12:08   |   78

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་ཟླ9ཚེས24ཉིན། ཨ་རིའི་ཁྲིམ་ཕུ་སྲིད་གཞུང་གིས་དངོས་སུ་སྤྱི་བསྒྲགས་སྤེལ་ནས་ཨ་རི་དང་ཡོ་རོབ་མནའ་འབྲེལ་དབར་བཞག་པའི་ཚོང་དོན་གྲོས་མཐུན་ལག་བསྟར་བྱས་ཤིང་། ཟླ8ཚེས1ཉིན་ནས་བཟུང་། ཡོ་རོབ་མནའ་འབྲེལ་གྱིས་རླངས་འཁོར་དང་རླངས་འཁོར་ཐོན་རྫས་ནང་འདྲེན་བྱེད་པར་སྒོ་ཁྲལ15%བསྡུ་རྒྱུའི་གཏན་འཁེལ་བྱས། གཞན་ཡང་ཡིག་ཆའི་ནང་ད་དུང་སྨན་རྫས་འདྲེས་སྦྱོར་དངོས་རྫས་དང་གནམ་གྲུའི་ལྷུ་ལག ནང་འདྲེན་ཚོང་ཟོག་གཞན་དག་བཅས་ཀྱི་སྒོ་ཁྲལ་ཆག་ཡང་བཏང་ཡོད།

ས་གནས་དེ་གའི་དུས་ཚོད་ཟླ7ཚེས27ཉིན། ཨ་རིའི་ཙུང་ཐུང་ཁྲིམ་ཕུས་ཨ་རིས་ཡོ་རོབ་མནའ་འབྲེལ་དང་ཚོང་དོན་གྲོས་མཐུན་གསར་པ་བཞག་ནས་ཡོ་རོབ་མནའ་འབྲེལ་གྱིས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ15%བསྡུ་རྒྱུ་ཡིན་ཞེས་བཤད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཁྲལ་ཕྱོད15%ནི་ཡོ་རོབ་ཨུ་ཡོན་ལྷན་ཁང་གིས་འཇོག་ཐུབ་པའི་གྲུབ་འབྲས་ཆེས་ཡག་ཤོས་ཡིན་ཞེས་བཤད་པ་རེད།


མཉམ་སྤྱོད།