དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་གཟའ་འཁོར་འདིའམ་ཡང་ན་གཟའ་འཁོར་རྗེས་མར་ཕུའུ་ཅིང་ལ་ཁ་པར་གཏང་རྒྱུ་ཡིན་པ།

2025-09-10 10:28:27   |   48

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ9ཚེས10ཉིན་འབྱོར་བའི་གློག་འཕྲིན། དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ9ཚེས9ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་གསར་འགོད་པར་ཁོས་སྔོན་དཔག་བྱས་ན་གཟའ་འཁོར་འདིའམ་ཡང་ན་གཟའ་འཁོར་རྗེས་མར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁ་པར་གཏང་རྒྱུ་ཡིན་ཞེས་བཤད།

4e1e4e33ebf995e6841b36cb3d9982db.jpg

དཔྱད་གཞིའི་པར་རིས། ཕུའུ་ཅིང་དང་ཁྲོམ་ཕུ།

དེའི་ཡར་སྔོན་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8ཚེས15ཉིན་ཁྲོམ་ཕུ་དང་ཕུའུ་ཅིང་གིས་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཡི་ཨན་ཁེ་ལེ་ཆིར་ཐུག་པ་དང་། ཕྱོགས་གཉིས་པོས་ཐུག་འཕྲད་ལ་གདེང་འཇོག་ཡག་པོ་བྱས་ཡོད་མོད། འོན་ཀྱང་ཨུ་རུ་སུ་དང་ཡུག་རེན་གྱི་དམག་མཚམས་འཇོག་པ་སོགས་ཀྱི་གནད་དོན་ཐད་གྲོས་མཐུན་བྱུང་མེད་པ་རེད།


མཉམ་སྤྱོད།