དེ་རིང་ནི2025ལོའི་ཟླ10པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུ་དང་ཨ་རིའི་ཕྱི་འབྲེལ་པུ་ཀྲང་གིས་ཁ་པར་བཏང་རེས་བྱས་ཏེ་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་ལ་གྲོས་བསྡུར་བྱས།

2025-10-21 09:14:33   |   45

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ10པའི་ཚེས21ཉིན་གྱི་གློག་འཕྲིན་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུ་དང་ཨ་རིའི་ཕྱི་འབྲེལ་པུ་ཀྲང་གིས་ཁ་པར་བཏང་རེས་བྱས་ཏེ་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་ལ་གྲོས་བསྡུར་བྱས།

གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུ་ཀྲང་ལ་ཧྥུ་ལུའོ་ཧྥུ་དང་ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨོ་ཡིས་ཁ་པར་ལམ་ནས “ཕྱོགས་གཉིས་པོས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཟླ10པའི་ཚེས16ཉིན་ཁ་པར་ཐོག་ནས་གྲོས་མོལ་བྱས་པའི་ཐུན་མོང་གི་ངོས་འཛིན་གྱི་ཞིབ་ཕྲའི་གོ་རིམ་དོན་འཁྱོལ་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་གྲོས་བསྡུར་བྱས།”

གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པའི་ཚེས16ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་གཉིས་ཀྱིས་ད་ལོར་ཁ་པར་ལམ་ནས་གྲོས་མོལ་ཐེངས་བརྒྱད་བྱས་ཡོད། ཆུ་ཚོད་གཉིས་དང་ཕྱེད་ཀར་རྒྱུན་མཐུད་ཁ་པར་བཏང་རྗེས། ཁེ་ཕོ་བྲང་གི་མགྲིན་ཚབ་པ་ཝུའུ་ཧྲ་ཁོ་ཧྥུ་ཡིས་མོ་སི་ཁོ་དང་ཝ་ཧྲིང་ཐོན་གྱིས་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱི་རེས་སྐོར་གསར་པའི་ཐུག་འཕྲད་འཕྲལ་མར་གྲ་སྒྲིག་བྱེད་མགོ་བརྩམ་རྒྱུ་ཡིན་པ་དང་ཚོགས་འདུ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོག་སྲིད་ཅེས་བཤད།

ཝུའུ་ཧྲ་ཁོ་ཧྥུ་ཡིས་ད་དུང་ཨ་རི་ཕྱོགས་ཀྱིས་ཧང་ག་རིས་ད་ཐེངས་ཀྱི་མཇལ་འཛོམས་གཙོ་གཉེར་བྱ་རྒྱུའི་གྲོས་མགོ་བཏོན་པ་དང་ཨུ་རུ་སུ་ཕྱོགས་ཀྱི་ཙུང་ཐུང་གིས་དེར་རྒྱབ་སྐྱོར་བྱས་ཞེས་བཤད།


མཉམ་སྤྱོད།