དེ་རིང་ནི2025ལོའི་ཟླ10པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀའོ་ཧྲི་ཙའོ་མིའོ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས།

2025-10-21 14:51:07   |   140

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


789.jpg

ཞིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ10པའི་ཚེས21ཉིན་གྱི་གློག་འཕྲིན། ཚེས21ཉིན།(གསར་འགོད་པ་ལི་ཙི་གཡོད་དང་ཁྲེན་ཙེ་ཨན)འཇར་པན་གྱི་རང་དབང་དམངས་གཙོ་ཏང་གི་སྤྱི་ཁྱབ་ལས་འཛིན་ཀའོ་ཧྲི་ཙའོ་མིའོ་ཡིས་གནས་སྐབས་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་དང་གྲོས་ཁང་གོང་མའི་དབུ་བཞུགས་བློན་ཆེན་མིང་འདོན་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་འཇར་པན་གྱི་ཐེངས104པའི་དབུ་བཞུགས་བློན་ཆེན་དུ་བདམས་པ་རེད། ཁོ་མོ་ནི་འཇར་པན་གྱི་བུད་མེད་དབུ་བཞུགས་བློན་ཆེན་དང་པོ་རེད།

དེ་ཉིན་གྱི་གྲོས་ཁང་འོག་མའི་དབུ་བཞུགས་བློན་ཆེན་གྱི་འདེམས་བསྐོ་དེ་ས་གནས་དེ་གའི་དུས་ཚོད་ཆུ་ཚོད13ཙམ(པེ་ཅིང་གི་དུས་ཚོད་ཆུ་ཚོད12ཙམ)ནས་མགོ་བརྩམས་པ་དང་ཀའོ་ཧྲི་ཙའོ་མིའོ་ལ་གོ་ཆོད་འདེམས་ཤོག465ཁྲོད་ནས་འདེམས་ཤོག237ཐོབ་ཡོད། དེ་རྗེས་འཚོགས་པའི་གྲོས་ཁང་གོང་མའི་དབུ་བཞུགས་བློན་ཆེན་གྱི་མིང་འདོན་འདེམས་བསྐོའི་ཁྲོད། ཀའོ་ཧྲི་ཙའོ་མིའོ་ཡི་རེས་སྐོར་དང་པོའི་འདེམས་ཤོག་ཕྱེད་ཀ་ལས་བརྒལ་མེད་པ་དང་རེས་སྐོར་གཉིས་ཀྱི་འདེམས་བསྐོ་བྱས་རྗེས་རྒྱལ་ཁ་ཐོབ་ཡོད།

ཀའོ་ཧྲི་ཙའོ་མིའོ་ཡིས་དེའི་རྗེས་ནས་ནང་བློན་ཁང་འཛུགས་རྒྱུ་མགོ་རྩོམ་རྒྱུ་རེད། ཉིན་དེའི་དགོང་མོ་འཇར་པན་གྱི་གོང་མའི་ཕོ་བྲང་དུ་དབུ་བཞུགས་བློན་ཆེན་བསྐོ་གཞག་དང་ནང་བློན་ཁང་གི་བློན་ཆེན་གྱི་ཁས་ལེན་མཛད་སྒོ་འཚོགས་རྗེས་ནང་བློན་ཁང་གསར་པ་དངོས་སུ་འཛུགས་རྒྱུ་རེད།


མཉམ་སྤྱོད།