དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་གོ་ལ་ཧྲིལ་པོའི་པར་རིས་འགྲེམས་སྟོན་ཉིའུ་གཡོད་དུ་མགོ་ཚུགས།

2025-10-22 09:31:01   |   55

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.png

ཟླ10པའི་ཚེས20ཉིན། ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི(སྔ་མ)ཡིས“ཚེ་སྲོག་མཉམ་གནས། འབྱུང་འགྱུར་མཉམ་སྤྱོད།”ཅེས་པའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་གོ་ལ་ཧྲིལ་པོའི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧྥེང་གོ་ཡིས་པར་བླངས།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ10པའི་ཚེས20ཉིན་གློག་འཕྲིན་འབྱོར་གསལ། ཚེས20ཉིན།(གསར་འགོད་པ་ཕན་ཡུན་ཀྲའོ)“ཚེ་སྲོག་མཉམ་གནས། འབྱུང་འགྱུར་མཉམ་སྤྱོད།”ཅེས་པའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་གོ་ལ་ཧྲིལ་པོའི་པར་རིས་འགྲེམས་སྟོན་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་མགོ་ཚུགས་པ་དང་། པར་རིས་དང་བརྙན་ལམ་སོགས་སྨྱན་སྦྱོར་གྱི་བྱེད་ཐབས་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་མི་དཀྱུས་མའི་འཚོ་བར་ཤུགས་རྐྱེན་ཐེབས་ཚུལ་གྱི་གཏམ་རྒྱུད་བརྗོད་བཞིན་ཡོད།

2.png

ཟླ10པའི་ཚེས20ཉིན། ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས“ཚེ་སྲོག་མཉམ་གནས། འབྱུང་འགྱུར་མཉམ་སྤྱོད།”ཅེས་པའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་གོ་ལ་ཧྲིལ་པོའི་པར་རིས་འགྲེམས་སྟོན་མགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧྥེང་གོ་ཡིས་པར་བླངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་འགྲེམས་སྟོན་མགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་སྐབས་སྨྲས་དོན། ད་ཐེངས་ཀྱི་འགྲེམས་སྟོན་གྱིས“སྤྱིར་བཏང་མིན་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།” ཆོད་སེམས་དང་། མཉམ་ལས། གྲུབ་འབྲས་བཅས་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་དེ་ལོ80ཡི་གོང་ནས་མགོ་ཚུགས་པ་དང་། སྐབས་དེ་དུས་མཉམ་འབྲེལ་རྒྱལ་ཚོགས་དམག་འཁྲུག་གི་ལོ་ཟླའི་ནང་དུ་འཛམ་གླིང་ཐོག་དབུ་བརྙེས། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མི་སྣས་སྔར་བཞིན་འཛམ་གླིང་ས་གནས་ཁག་ཏུ་གཏམ་རྒྱུད་དེ་རྒྱུན་བསྐྱངས་བཞིན་ཡོད་དེ། འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་འདོན། ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བཞིན་ཡོད།

ཀུ་ཐེ་ལེ་སིས་སྨྲས་དོན། པར་རིས་དེ་དག་གིས་དོན་དངོས་གསུམ་གསལ་སྟོན་བྱས་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉམས་ཞན་གྱི་ཚོགས་སྤྱིར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུའི་ལས་ལ་གཞོལ་བ་དང་།  རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞིས་ཉིན་ལྟར་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པ། ཕྱོགས་མང་རིང་ལུགས་ཀྱིས་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་དུ་འཇུག་པ་བཅས་སོ། །

3.png

ཟླ10པའི་ཚེས20ཉིན། ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་མི་རྣམས་ཀྱིས“ཚེ་སྲོག་མཉམ་གནས། འབྱུང་འགྱུར་མཉམ་སྤྱོད།”ཅེས་པའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་གོ་ལ་ཧྲིལ་པོའི་པར་རིས་འགྲེམ་སྟོན་ལ་ལྟ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧྥེང་གོ་ཡིས་པར་བླངས།

ཀུ་ཐེ་ལེ་སིས་ནན་གྱིས་སྨྲས་དོན། གལ་སྲིད་རྒྱལ་ཁབ་ཁག་དབར་གྱི་བགྲོ་གླེང་དང་མཉམ་ལས་མེད་ཚེ། པར་རིས་སྟེང་གི་གྲུབ་འབྲས་དེ་དག་མངོན་འགྱུར་བྱེད་ཐབས་བྲལ། ཛ་དྲག་གི་གདོང་གཏུག་དང་། ཉིན་རེ་བཞིན་ཇེ་བརྩོག་ཏུ་འགྲོ་བཞིན་པའི་འདྲ་མཉམ་མིན་པ། ཚོད་འཛིན་མི་ཐུབ་པའི་ལག་རྩལ། དེ་བཞིན་གོ་ལ་ཧྲིལ་པོའི་དྲོད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་སོགས་ཀྱི་གནད་དོན་རང་ཤུགས་སུ་ཐག་གཅོད་བྱེད་མི་སྲིད་ལ། རྒྱལ་ཁབ་གང་ཞིག་ལ་བརྟེན་ནས་རང་ཚུགས་ཀྱིས་ཐག་གཅོད་བྱེད་ཐབས་ཀྱང་བྲལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐུན་མོང་དུ་འབད་བརྩོན་བྱས་ཏེ་ཐུན་མོང་གི་འབྱུང་འགྱུར་འཛུགས་སྐྲུན་བྱ་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་པར་རིས་འགྲེམས་སྟོན་དེ་མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་ཁྱབ་སྒྲོག་པུས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ193ནས་ཡོང་བའི་གཏམ་རྒྱུད240ལྷག་ཙམ་འདུས་ཡོད། སྔོན་དཔག་བྱས་ན་གོ་ལ་ཧྲིལ་པོར་འགྲེམས་སྟོན་ཐེངས40ལྷག་ཙམ་གཉེར་རྒྱུ་རེད། བྱེད་སྒོའི་དམིགས་ཡུལ་ནི་མི་སྣའི་གཏམ་རྒྱུད་ངོ་མ་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་མ་ལག་གི་ལས་དོན་གྱིས་ཇི་ལྟར་འཛམ་གླིང་ས་གནས་ཁག་གི་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པ་བརྗོད་པ་ཡིན་ཞིང་། དེའི་ནང་ཞི་བདེ་དང་བདེ་འཇགས་ལ་རྒྱབ་སྐྱོར་དང་། རྟོག་དམ་སྒྲོམ་གཞིར་ལྟ་སྐུལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་འདོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད།

4.png

ཟླ10པའི་ཚེས20ཉིན། ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་མི་རྣམས་ཀྱིས“ཚེ་སྲོག་མཉམ་གནས། འབྱུང་འགྱུར་མཉམ་སྤྱོད།”ཅེས་པའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་གོ་ལ་ཧྲིལ་པོའི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧྥེང་གོ་ཡིས་པར་བླངས།

ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་སྤེལ་བའི་འགྲེམས་སྟོན་ནང་གཏམ་རྒྱུད24འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་མོ་ནད་སྨན་པ་སུན་ཝུའེ་ཝུའེ་ཡི་གཏམ་རྒྱུད་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། མོའི་ཉམས་མྱོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་ལྷག་པར་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཚན་རིག་དང་ཚད་གཞིའི་མ་ལག་འཛུགས་པའི་ཐད་བཏོན་པའི་འགག་རྩའི་ནུས་པ་མངོན་ཡོད།


མཉམ་སྤྱོད།