དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

SpaceXཡིས་འབར་མའི་གློག་སླུ་གླིང་ཁུལ་མཐའ་སྐོར་གྱི“སྐར་སྦྲེལ”སྒྲིག་ཆས2500ལྷག་ཙམ་དབྱེ་འབྱེད་དང་འབྲེལ་གཅོད་བྱས་ཟེར།

2025-10-23 15:03:51   |   90

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་ཟླ10པའི་ཚེས22ཉིན་གློག་འཕྲིན་འབྱོར་གསལ། ཚེས21ཉིན་ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་སྤྱི་གཉེར་གྱི་སྤྱི་ཁྱབ་གཞོན་པ་ལའོ་ལུན·ཏེ་ལེའར་གྱིས་སྤྱི་ཚོགས་འབྲེལ་ལམ་ཐོག་བཤད་རྒྱུར། SpaceXཡིས་འབར་མའི་གློག་སླུ་གླིང་ཁུལ་མཐའ་སྐོར་གྱི“སྐར་སྦྲེལ”སྒྲིག་ཆས2500ལྷག་ཙམ་དབྱེ་འབྱེད་དང་འབྲེལ་གཅོད་བྱས་ཏེ། འཁོར་སྐྱོད་བྱེད་མི་ཐུབ་པར་བྱས་ཡོད་ཟེར།

ཏེ་ལེའར་གྱིས་འབར་མའི“གློག་སླུའི་དོགས་ཡོད་ལྟེ་གནས་ཀྱི་མཐའ་སྐོར”དུ་སྤྱི་གཉེར་དེས“རང་འགུལ་ངང་དབྱེ་འབྱེད”བྱས་པ་མ་ཟད། “སྐར་སྦྲེལ”སྒྲིག་ཆས2500ལྷག་ཙམ་འཁོར་སྐྱོད་བྱེད་མི་ཐུབ་པར་བྱས་ཡོད་ཅེས་བཤད།

ཚེས20ཉིན་འབར་མའི་གཞུང་ཕྱོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་འབར་མའི་རྒྱལ་སྲུང་དམག་གིས་རྒྱལ་ཁབ་དེའི་མཐའ་མཚམས་ས་ཁུལ་གྱི་གློག་སླུ་གླིང་ཁུལ་དུ་གཙང་སེལ་བྱ་སྤྱོད་སྤེལ་ཞིང་། ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་སྤྱི་གཉེར་གྱི“སྐར་སྦྲེལ”བསྡུ་ལེན་ཡོ་བྱད་དང་ལྷུ་ལག་ཆ་ཚང30རྩད་ཆོད།


མཉམ་སྤྱོད།