དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་དམག་དཔུང་གི་གནམ་གྲུ2སྔ་རྗེས་སུ་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་ལྷུང་པ།

2025-10-27 16:09:09   |   91

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།   


ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ10པའི་ཚེས27ཉིན་གྱི་གློག་འཕྲིན། ཨ་མེ་རི་ཁ་ཁོ་ལོམ་པི་ཡ་རླུང་འཕྲིན་ཁང(CBS)གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མེ་རི་ཁ་མཚོ་དམག་གིས་ས་གནས་དེ་གའི་ཚེས26ཉིན་མཚོ་དམག་གི་འཐབ་འཛིང་གནམ་གྲུ་ཞིག་དང་ཐད་འཕུར་གནམ་གྲུ་ཞིག་ལྷོ་རྒྱ་མཚོར་ལྷུང་ཞེས་བཤད། གནམ་གྲུའི་ཐོག་གི་འཕྲུལ་འཁོར་ཚན་པའི་མི་སྣ་ཚང་མ་སྐྱོབ་ཐུབ་འདུག

ཨ་མེ་རི་ཁ་ཞི་བདེ་རྒྱ་མཚོ་ཆེན་པོའི་དམག་གྲུ་རུ་ཁག་གིས་བཤད་པ་ལྟར་ན། ས་གནས་དེ་གའི་ཕྱི་དྲོའི་དུས་ཚོད2དང་སྐར45ཡས་མས་སུ་ཐད་འཕུར་གནམ་གྲུ73པའི་མཚོ་ཐོག་རྡུང་རྡེག་རུ་ཁག་གི་ཁོངས་སུ་གཏོགས་པའིMH-60R"མཚོ་གླག"སྟེ་ཐད་འཕུར་གནམ་གྲུ་ཞིག་རྒྱུན་སྲོལ་ལས་འགན་ལག་བསྟར་བྱེད་སྐབས་སར་ལྷུང་འདུག

ཨ་མེ་རི་ཁ་ཞི་བདེ་རྒྱ་མཚོ་ཆེན་པོའི་དམག་གྲུ་རུ་ཁག་གིས་སྤྱི་ཚོགས་འབྲེལ་ལམ་སྟེགས་བུའི་སྟེང་གནམ་གྲུའི་ནང་གི་མི་གསུམ་པོ་བདེ་འཇགས་ངང་བསྐྱབས་པའི་གནས་ཚུལ་བཀོད་འདུག

གནས་ཚུལ་སྤེལ་བར་གཞིགས་ན། སྐར་མ30ཙམ་གྱི་རྗེས་སུ། འཐབ་འཛིང་གནམ་གྲུ22པའི་ཕར་རྒོལ་རུ་ཁག་གི་ཁོངས་སུ་གཏོགས་པའིF/A-18F“རིམ་འདས་སྦྲང་མ་སེར་ཆེན”ཏེ་འཐབ་འཛིང་གནམ་གྲུ་ཞིག་ཀྱང་རྒྱུན་སྲོལ་ལས་འགན་ལག་བསྟར་བྱེད་དུས་སར་ལྷུང་འདུག འཕྲུལ་འཁོར་ཚན་པའི་མི་སྣ་གཉིས་འཆི་གུ་ལས་བྲོས་ཏེ་ཐར་འདུག

གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ལས་འཛོལ་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།


མཉམ་སྤྱོད།