དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨན་བྷེ་ཅིན་སན་ལྐོག་གསོད་བྱས་པའི་གྱོད་གཞིའི་སྤྱི་བསྒྲགས་ཁྲིམས་ར་འཚོགས། ཞུ་སྦྱོར་ཕྱི་མས་ཉེས་པ་ཐེངས་དང་པོར་ཁས་ལེན་བྱས།

2025-10-28 17:12:56   |   73

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ10པའི་ཚེས28ཉིན་གློག་འཕྲིན་འབྱོར་གསལ།(གསར་འགོད་པ་ལི་ཙི་ཡུའེ། ཁྲེན་ཙེ་ཨན།)འཇར་པན་གྱི་ནའེ་ལེང་ས་གནས་ཁྲིམས་ཁང་གིས་ཚེས28ཉིན་གྱི་ཕྱི་དྲོར་དབུ་བཞུགས་བློན་ཆེན་ཟུར་པ་ཨན་བྷེ་ཅིན་སན་ལྐོག་གསོད་བྱས་པའི་གྱོད་གཞིའི་སྤྱི་བསྒྲགས་ཁྲིམས་ར་ཐེངས་དང་པོར་འཚོགས། ཞུ་སྦྱོར་ཕྱི་མ་ཧྲང་ཧྲན་ཁྲེ་ཡུ་ཡིས་ཁྲིམས་རའི་ཐོག་ཞིབ་དཔྱོད་ཕྱོགས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་པའི་མི་བསད་པ་དང་མེ་མདའ་དང་མཚོན་ཆའི་བཅའ་ཁྲིམས་དང་འགལ་བ་སོགས་ཀྱི་ཉེས་སྤྱོད་ཁས་ལེན་བྱས།

ད་རེས་ཀྱི་འདྲི་གཅོད་དུ་ཁྲིམས་རའི་འདྲི་གཅོད་ཐེངས19བཀོད་སྒྲིག་བྱས་ཡོད། དེའི་རིང་དག་འབུད་ཕྱོགས་དང་ཞིབ་དཔྱོད་ཕྱོགས་ཀྱིས་ཞུ་སྦྱོར་ཕྱི་མའི་ཨ་མ་དང་། ཆོས་ལུགས་མཁས་དབང་། གྱོད་གཞི་བྱུང་ཡུལ་དངོས་མཐོང་མཁན་སོགས་ཚུད་པའི་མི12ཁྲིམས་རར་ཞུགས་ནས་དཔང་པོ་བྱ་རྒྱུའི་རེ་ཞུ་བྱས། ཁྲིམས་ཁང་གིས2026ལོའི་ཟླ་དང་པོར་བཅད་ཁྲ་ཁྱབ་བསྒྲགས་བྱེད་རྩིས་ཡོད།

2022ལོའི་ཟླ7པའི་ཚེས8ཉིན། ཨན་བྷེ་ཅིན་སན་གྱིས་ནའེ་ལེང་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རང་དབང་དམངས་གཙོ་ཏང་གི་གྲོས་མིའི་འོས་མིར་འདེམས་བསྐོ་བྱེད་རོགས་བྱེད་སྐབས་མེ་མདའ་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར་བ་དང་ལོ67ལ་སླེབས་ཡོད། དོགས་ཡོད་ཧྲང་ཧྲན་ཁྲེ་ཡུ་གནས་དེ་ནས་འཛིན་བཟུང་བྱས། ཁོང་གིས་ངོས་ལེན་བྱས་པར་གཞིགས་ན། ཁོང་གིས་ཨན་བྷེར་འཇབ་རྒོལ་བྱེད་དོན་ནི་ཨན་བྷེའི་སྤོ་བོ་དང་དབུ་བཞུགས་བློན་ཆེན་ཟུར་པ་ཨན་ཤིན་ཅེ་ཡིས“འཛམ་གླིང་ཞི་བདེ་གཅིག་གྱུར་གྱི་ཁྱིམ་ཚང་མཉམ་འབྲེལ་ལྷན་ཚོགས”(དེ་སྔའི“གཅིག་གྱུར་སློབ་ཚོགས”)འཇར་པན་དུ་འདྲེན་རོགས་བྱས་པས་རེད། ཧྲང་ཧྲན་ཁྲེ་ཡུའི་ཨ་མས་དུས་ཡུན་རིང་པོར་ཚོགས་པ་དེར་ཞལ་འདེབས་འབོར་ཆེན་བརྒྱབ་པས་ཁྱིམ་ཚང་དཀའ་ངལ་གྱི་གནས་སུ་གྱར་ཡོད།


མཉམ་སྤྱོད།