དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་དང་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་གཉིས་ཐུག་འཕྲད་གནང་།

2025-10-29 11:49:27   |   106

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


0000.jpg

ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ10པའི་ཚེས28ཉིན་གྱི་གློག་འཕྲིན། འཇར་པན《ཉིན་རེའི་གསར་འགྱུར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས28ཉིན་གྱི་སྔ་དྲོར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་འཇར་པན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་དང་ཐོ་ཁེའོ་མགྲོན་ཁང་དུ་གྲོས་མོལ་བྱས།

ཟླ10པའི་ཚེས28ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས་ཐོ་ཁེའོ་རུ་མཇལ་འཛོམས་གནང་། གནས་ཚུལ་སྤེལ་བར་གཞིགས་ན། དེ་ནི་ཁོང་གཉིས་ཐུག་འཕྲད་བྱེད་ཐེངས་དང་པོ་ཡིན། སྔོན་དཔག་བྱས་ན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་ཡིག་ཆར་མིང་རྟགས་བཀོད་དེ་སྒོ་ཁྲལ་གྲོས་མོལ་གྱི་ཞིབ་ཕྲའི་ནང་དོན་དོན་འཁྱོལ་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། བདེ་འཇགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འགོག་སྲུང་འགྲོ་གྲོན་མང་དུ་གཏོང་རྒྱུ་ནི་གྲོས་མོལ་ནང་དོན་གྱི་གནད་འགག་གི་གྲས་ཤིག་རེད། མིག་སྔར་གྲོས་མོལ་གྱི་ཞིབ་ཕྲའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད། དབྱེ་ཞིབ་བྱས་པ་ལྟར་ན། གྲོས་མོལ་བྱེད་རིང་འཇར་པན་ཕྱོགས་ལ་འགོག་སྲུང་གྲོན་དངུལ་དང་འཇར་པན་དུ་བཅའ་སྡོད་བྱས་པའི་ཨ་རིའི་དམག་དཔུང་གི་འགྲོ་གྲོན་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་སྲིད་ཅེས་འཁོད་ཡོད།

གྲོས་མོལ་མཇུག་གྲིལ་རྗེས་ཁོང་གཉིས་ཀྱིས་གུང་ཟས་མཉམ་དུ་ཟས་པ་དང་། དེ་ནས་མཉམ་དུ་ཆེད་གཏོང་གནམ་གྲུར་བསྡད་དེ་ཧྲེན་ནའེ་ཁྲོན་རྫོང་ཧེང་ཧུའུ་གྲོང་ཁྱེར་དུ་གནས་པའི་ཨ་རིའི་མཚོ་དམག་ཧེང་ཞུས་ཧོ་རྟེན་གཞིར་སོང་སྟེ་ཉིང་རྡུལ་སྒུལ་ཤུགས་ཀྱི་གནམ་ཐང་གྲུ་གཟིངས “ཆའོ་ཀྲི·ཝ་ཧྲིང་ཏུན”རྟགས་ཅན་སོགས་ལ་ལྟ་ཞིབ་གནང་།


མཉམ་སྤྱོད།