དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོ”ཚོགས་ཆུང་གིས་གཞུང་ཚབ་ཆེ་མོ་རིམ་པའི་ཚོགས་འདུ་འཚོགས།

2025-10-30 15:49:29   |   63

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བས་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ10པའི་ཚེས་30ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཚེས29ཉིན་ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོ”ཚོགས་ཆུང་གིས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་གཞུང་ཚབ་ཆེ་མོ་རིམ་པའི་ཚོགས་འདུ་འཚོགས།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་པར་ཙིར་གྱི་འཐུས་མི་ཏ་ཉི་ས་ཡིས་ཐུན་མོང་ཐོག་ཚོགས་འདུ་གཙོ་སྐྱོང་གནང་། ཨར་ཅི་རི་ཡ་དང་། ཨེ་ཅིབ། ཧིན་རྡུ་ཉི་ཞི་ཡ། ཐུར་ཁེ། མོ་ཞི་ཁོ། ཁོ་ལོམ་པི་ཡ། ཨེ་ཙེ་ཨོ་ཕི་ཡ་སོགས་ཚོགས་ཆུང་གི་ཁོངས་མི་ཞུགས་པ་དང་། ཧྥ་རན་སེ་དང་། ཧང་ག་རི། སི་ལོ་ཝ་ཁེ་ཡ། སུའེ་ཙེར། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་བཅས་ལྟ་ཞིབ་པའི་ངོས་ནས་ཚོགས་འདུར་ཞུགས། ཕྱོགས་ཁག་གིས་ཉེ་དུས་ཡུག་རེན་ཉམས་ཉེན་གྱི་དུས་བབ་ཀྱི་འགྱུར་ལྡོག་དང་དེ་བཞིན་ཚོགས་ཆུང་གིས་ཇི་ལྟར་བྱས་ནས་ནུས་པ་དེ་བས་ལེགས་པ་འདོན་སྤེལ་བྱ་རྒྱུའི་ཐད་བསམ་འཆར་བརྗེ་རེས་བྱས།

1.jpeg

ས་གནས་དེ་གའི་ཟླ10ཚེས29ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་སྨྱན་སྦྱོར་ལ་ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོ”ཚོགས་ཆུང་གི་མཉམ་འབྲེལ་གསལ་བསྒྲགས་སྒྲོག་སྦྱོང་བྱས། ཝང་ཧྥན་གྱིས་པར་བླངས།

ཧྥུའུ་ཚུང་གིས་ད་ལོའི་ཟླ9པ་ནི་ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོ”ཚོགས་ཆུང་བཙུགས་ནས་ལོ་གཅིག་འཁོར་བའི་དུས་ཡིན། འདས་ཟིན་པའི་ལོ་གཅིག་ནང“ཞི་བདེའི་གྲོགས་པོ”ཚོགས་ཆུང་གིས་དངོས་ཡོད་དྲང་གཞག་གི་ལངས་ཕྱོགས་དང་སྒོ་དབྱེའི་དགེ་མཚན་ལྡན་པའི་རྣམ་འགྱུར་བཟུང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དམག་མཚམས་འཇོག་པ་དང་ཆབ་སྲིད་ཀྱི་ཐབས་ཀྱིས་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པའི་བརྡ་བཏང་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་སྔར་བས་མང་བ་ཐོབ་ཡོད། ཚོགས་ཆུང་གིས་དམག་མཚམས་འཇོག་པ་དང་། ཞི་བའི་གྲོས་མོལ་བསྐྱར་དུ་བྱེད་པར་ཆ་རྐྱེན་དང་ཁོར་ཡུག་གཏོད་རྒྱུ་དང་། ཡུག་རེན་གྱི་ཉམས་ཉེན་དེ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ཚོགས་འདུ་གྲོལ་རྗེས་ཧྥུའུ་ཚུང་དང་ཏ་ཉི་ས་ཡིས་སྨྱན་སྦྱོར་ལ“ཞི་བདེའི་གྲོགས་པོ”ཚོགས་ཆུང་གི་མཉམ་འབྲེལ་གསལ་བསྒྲགས་སྒྲོག་སྦྱོང་བྱས་ཤིང་། སྔ་མོ་ནས་དམག་མཚམས་འཇོག་པ་དང་། གདོང་ཐུག་གི་དོ་བདག་ཕྱོགས་ལ་མཚོན་ཆ་མང་པོ་མཁོ་འདོན་མི་བྱེད་པ། མི་ཆོས་རོགས་སྐྱོར་དང་མི་སེར་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་འབོད་སྐུལ་བྱས་ཤིང་། ཕྱོགས་རྐྱང་པའི་བཀག་སྡོམ་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་དོ་ཁུར་དང་། འབྲེལ་ཡོད་ཕྱོགས་ཁག་གིས་གྲོས་མོལ་བྱས་པ་བརྒྱུད་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་པའི་ཇུས་གཞི་ཆགས་པར་སྐུལ་འདེད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་འབྲེལ་ཕྱོགས་ལ་ནུས་པ་ཐོན་པར་རྒྱབ་སྐྱོར་དང་། ཚོགས་ཆུང་གིས་མུ་མཐུད་དུ་ཞི་བདེས་འགལ་བ་ཐག་གཅོད་བྱེད་པའི་ཐད་ནུས་པ་མུ་མཐུད་དུ་འདོན་རྒྱུ་ཡིན་པ་བསྟན།


མཉམ་སྤྱོད།