དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་གྲོས་ཁང་གོང་མས་ཁྲོམ་ཕུའི་ཕྱོགས་ཡོངས་ཀྱི་སྒོ་ཁྲལ་སྲིད་ཇུས་མཚམས་འཇོག་བྱ་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

2025-10-31 09:34:36   |   305

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་ཟླ10ཚེས30ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཨ་རིའི་གྲོས་ཁང་གོང་མས་མོས་མཐུན་འདེམས་ཤོག51དང་ངོ་རྒོལ་འདེམས་ཤོག47ལ་བརྟེན་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ལག་བསྟར་བྱས་པའི་ཕྱོགས་ཡོངས་ཀྱི་སྒོ་ཁྲལ་སྲིད་ཇུས་མཚམས་འཇོག་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་གྲོས་ཁང་གོང་མས་ཙུང་ཐུང་གིས་གོ་ལ་ཧྲིལ་པོའི་སྒོ་ཁྲལ་ཐད་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་གྱི་མཉམ་འབྲེལ་གྲོས་ཆོད་མཚམས་འཇོག་བྱ་རྒྱུའི་ཆོག་མཆན་སྤྲད། གཟའ་འཁོར་འདིའི་ཟླ་སྟོད་དུ། གྲོས་ཁང་གོང་མས་ཁ་ན་ཏ་དང་པར་ཙིར་གྱི་སྒོ་ཁྲལ་མེད་པར་བཟོ་རྒྱུའི་གྲོས་ཆོད་གཉིས་ལ་གྲོས་འཆམ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་ཆོད་དེ་དག་སླད་ཕྱིན་ད་དུང་གྲོས་ཁང་འོག་མས་བརྡས་ཐག་གཅོད་དགོས། འོན་ཀྱང་དེ་སྔོན་གྲོས་ཁང་འོག་མའི་སྤྱི་མཐུན་ཏང་མིས་སྒོ་ཁྲལ་རྩིས་མེད་དུ་གཏོང་བའི་ཁྲིམས་འཛུགས་བྱ་སྤྱོད་ལ་བཀག་འགོག་ཐེངས་མང་བྱས་པ་དང་། གྲོས་ཆོད་དེ་དག་སྔོན་དཔག་བྱས་ན་གྲོས་ཁང་འོག་མས་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་ཁག་པོ་ཡོད་པ་རེད། གྲོས་ཁང་འོག་མས་མཐའ་མར་གྲོས་འཆམ་བྱུང་ཡང་རྒྱལ་ཚོགས་ལ་སྔར་བཞིན་གསུམ་ཆ་གཉིས་ཙམ་གྱི་མོས་མཐུན་འདེམས་ཤོག་ཡོད་ཚེ་ད་བཟོད་ཙུང་ཐུང་གིས་ཁས་མ་བླངས་པའི་གནས་ཚུལ་རྩིས་མེད་དུ་གཏོང་ཐུབ།(ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞུས་ཞའོ) 


མཉམ་སྤྱོད།