དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཧྥུ་ཀ་ནི་སི་ཐན་ལ་ས་ཡོམ་རིམ་པ6.4བྱུང་།

2025-11-03 15:37:06   |   321

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྟུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ11པའི་ཚེས3ཉིན་གྱི་གློག་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱིས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ11པའི་ཚེས3ཉིན་གྱི་ཆུ་ཚོད4དང་སྐར་མ29སྟེང་། ཨ་ཧྥུ་ཀ་ནི་སི་ཐན་དུ་ས་ཡོམ་རིམ་པ6.4བྱུང་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ20ཡིན་ལ། ཡོམ་ལྟེ་དེ་འཕྲེད་ཐིག་བྱང་མའི་ཏུའུ36.55དང་ཤར་གྱི་གཞུང་ཐིག་ཏུའུ67.45སྟེང་ཡོད་པ་རེད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས(CNN)གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ས་གཤིས་བརྟག་དཔྱད་ཅུས་དཔེ་དབྱིབས་ལ་ཚོད་དཔག་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་མི་བརྒྱ་ཕྲག་ཁ་ཤས་རྐྱེན་ལམ་དུ་ཤོར་སྲིད་ཅེས་བཤད་འདུག



མཉམ་སྤྱོད།