དེ་རིང་ནི2025ལོའི་ཟླ11པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱང་ཁོ་རེ་ཡས་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཟུར་པ་ཅིན་ཡུང་ནན་ལ་རྒྱལ་ཁབ་དུར་འཇུག་བྱ་རྒྱུ་རེད།

2025-11-05 11:21:54   |   95

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ11པའི་ཚེས4ཉིན་གྱི་གློག་འཕྲིན། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཟུར་པ་ཅིན་ཡུང་ནན་ཚེས3ཉིན་ནད་གཞིས་རྐྱེན་པས་སྐུ་གཤེགས་པ་དང་དགུང་ལོ97ཡིན། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། བྱང་ཁོ་རེ་ཡ་རྒྱལ་དོན་ཨུ་ཡོན་ལྷན་ཁང་། བྱང་ཁོ་རེ་ཡ་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་། བྱང་ཁོ་རེ་ཡ་ནང་བློན་ཁང་བཅས་ཀྱིས་ཅིན་ཡུང་ནན་ལ་རྒྱལ་ཁབ་དུར་འཇུག་བྱ་རྒྱུའི་གཏན་འབེབས་བྱས།

1000.jpg

ཅིན་ཀྲེང་ཨེན་ཚེས4ཉིན་གྱི་ཐོ་རེངས་སུ་ཅིན་ཡུང་ནན་ལ་མྱ་ངན་ཞུ་བར་ཕེབས། པར་རིས་ཡོང་ཁུངས། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང།

གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན། བྱང་ཁོ་རེ་ཡ་ནང་བློན་ཁང་གི་ཙུང་ལི་ཕུའུ་ཐའེ་ཁྲེང་། བྱང་ཁོ་རེ་ཡའི་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚུའེ་ལུང་ཧའེ་སོགས་མི100ཡིས་རྒྱལ་ཁབ་འདས་མཆོད་ཨུ་ཡོན་ལྷན་ཁང་གྲུབ་ཡོད། 


མཉམ་སྤྱོད།