དེ་རིང་ནི2025ལོའི་ཟླ11པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྥི་ལི་ཕིན་གྱིས་རྒྱལ་ཡོངས་གནོད་འཚེའི་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱས།

2025-11-06 14:53:08   |   79

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་དྲ་བ།      བཤེར་འབེབས།  རིན་ཚེན་ཚེ་རིང་། 


ཞིན་ཧྭ་གསར་འགྱུར་ཁང་མ་ནི་ལ་ནས་ཟླ11པའི་ཚེས6ཉིན་འབྱོར་བའི་གློག་འཕྲིན། ཚེས6ཉིན། ཧྥི་ལི་ཕིན་གྱི་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་མཚོའི་རླུང་འཚུབ“མཚོ་སྐྱར”གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁོ་སིས་རྒྱལ་ཡོངས་གནོད་འཚེའི་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱས།

ཧྥི་ལི་ཕིན་དམངས་སྲུང་གཞུང་དོན་ཁང་དང་ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཚེས6ཉིན་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། རྒྱ་མཚོའི་རླུང་འཚུབ“མཚོ་སྐྱར”བསྟུད་མར་ཉིན་འགར་ཧྥི་ལི་ཕིན་རྒྱལ་ཁོངས་སུ་རྒྱུ་བས་མི142རྐྱེན་ལམ་དུ་ཤོར་བ་དང་མི127གར་སོང་ཆ་མེད་དུ་གྱུར། མི82ལ་རྨས་སྐྱོན་ཕོག་ཡོད།

ཧྥི་ལི་ཕིན་མི་དམངས་མཁའ་ཟོན་གཞུང་ལས་ཁང་གི་དཔོན་རིགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཉུང་མཐར་ཡང་མི114རྒྱ་མཚོའི་རླུང་འཚུབ་ཀྱིས་རྐྱེན་པས་རྐྱེན་ལམ་དུ་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་སྐྱོབ་བྱེད་པའི་ལས་དོན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་རེད།

གཞན་ཡང་ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཚེས6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སུའུ་བོའུ་ཞིང་ཆེན་དུ་ད་དུང་མི28རྐྱེན་ལམ་དུ་ཤོར་བ་དེ་དམངས་འགོག་གཞུང་ལས་ཁང་གི་སྡོམ་རྩིས་གྲངས་གཞི་གསར་ཤོས་ནང་བཅུག་མེད་པ་རེད། ཚེས5ཉིན་གྱི་སྡོམ་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། རླུང་འཚུབ“མཚོ་སྐྱར”གྱིས་དབང་གིས་སུའུ་བོའུ་ཞིང་ཆེན་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཆེས་མང་ཤོས་ཡིན་པ་རེད།

ཧྥི་ལི་ཕིན་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་དོ་དམ་ཨུ་ལྷན་གྱི་བརྡ་ཁྱབ་གསར་ཤོས་ནང་རྒྱ་མཚོའི་རླུང་འཚུབ་“མཚོ་སྐྱར”དང་བསྡོངས་ནས་ཐོན་པའི་ཆར་བ་ཆེན་པོས་ཧྥི་ལི་ཕིན་གྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་ཆུ་ལོག་དང་ཞོད་སྐྱོན། ཤིང་སྡོང་འགྱེལ་བ་སོགས་ཀྱི་གནོད་འཚེ་ཐོན་ནས་རྒྱལ་ཡོངས་སུ་གནོད་འཚེ་ཕོག་པའི་མི་གྲངས་ཁྲི190ལས་བརྒལ་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱ་མཚོའི་རླུང་འཚུབ“མཚོ་སྐྱར”ཚེས4ཉིན་གྱི་ཐོ་རེངས་སུ་ཧྥི་ལི་ཕིན་དུ་ཐོན་པ་དང་ཚེས6ཉིན་གྱི་ཐོ་རེངས་སུ་རྒྱལ་ཁོངས་ནས་བརྒལ་བ་རེད། ཧྥི་ལི་ཕིན་ནི་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོའི་ཐའེ་རླུང་ཁུལ་དུ་གནས་པ་དང་ལོ་ལྟར་ཆ་སྙོམས་རྒྱ་མཚོའི་རླུང་འཚུབ་དམ་ཡང་ན་ཚ་ཁུལ་རླུང་འཚུབ་ཀྱི་འཇབ་རྒོལ་ཐེངས20ཙམ་ཕོག་གི་ཡོད།


མཉམ་སྤྱོད།