དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུས་འཇར་པན་གྱི་སྤྱི་དམངས30མངའ་ཁོངས་སུ་ཡོང་རྒྱུ་བཀག་འགོག་བྱས་ནས་འཇར་པན་ཕྱོགས་ཀྱི་བཀག་སྡོམ་ལ་རྒོལ་ལན་སྤྲད་པ།

2025-11-12 15:50:48   |   45

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ11པའི་ཚེས12ཉིན་འབྱོར་བའི་གློག་འཕྲིན། ཚེས11ཉིན་གྱི་དགོང་མོར། ཨུ་རུ་སུའི་ཕྱི་འབྲེལ་པུས་འཇར་པན་གྱི་སྤྱི་དམངས30དུས་བཀག་མེད་པར་མངའ་ཁོངས་སུ་འཛུལ་མི་ཆོག་པའི་ཁྱབ་བསྒྲགས་བྱས། དེ་ནི་འཇར་པན་གྱིས་ཨུ་རུ་སུར་མུ་མཐུད་དུ་བཀག་སྡོམ་བྱས་པར་རྒོལ་ལན་སྤྲད་པ་ཞིག་རེད།

ཨུ་རུ་སུའི་ཕྱི་འབྲེལ་པུས་ཉིན་དེའི་དགོང་མོར་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་ནས་ད་ཐེངས་རྒྱལ་མཚམས་ནང་འཛུལ་མི་ཆོག་པའི་འཇར་པན་གྱི་སྤྱི་དམངས་ནང་འཇར་པན་ཕྱི་དོན་ཧྲེང་གི་དཔོན་རིགས་པེ་ཚུན་ཅུན་པོ་ཚུད་ཡོད་པ་དང་། གཞན་པའི་མང་ཆེ་བ་ནི་འཇར་པན་སྨྱན་སྦྱོར་དང་སློབ་གསོའི་ལས་རིགས་ཀྱི་མི་སྣ་རེད།

2022ལོར། ཡུག་རེན་གྱི་ཉམས་ཉེན་ཆེ་རུ་ཕྱིན་རྗེས་འཇར་པན་གྱིས་ཨ་རིའི་རྗེས་སུ་འབྲངས་ནས་ཨུ་རུ་སུར་བཀག་སྡོམ་རྒྱ་ཁྱབ་བྱས་པ་རེད། ལན་སློག་པའི་ངོས་ནས་ཨུ་རུ་སུ་ཕྱོགས་ཀྱིས་འཇར་པན་དེ“མཛའ་གྲོགས་མེད་པའི་རྒྱལ་ཁབ”ཀྱི་མིང་ཐོའི་ནང་བཅུག་ཡོད། ད་ལོའི་ཟླ9པར། འཇར་པན་སྲིད་གཞུང་གིས་ཨུ་རུ་སུའི་ཀུང་སི་དང་མི་སྒེར་ཁག་གཅིག་བཀག་སྡོམ་མིང་ཐོའི་ནང་སླར་ཡང་བཅུག་པ་རེད།


མཉམ་སྤྱོད།