དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྥི་ལི་ཕིན་གྱི་རྒྱལ་སར་གཞི་ཁྱོན་ཆེ་བའི་རུལ་རྒོལ་རྔམ་སྟོན་བྱེད་སྒོ་སྤེལ།

2025-11-18 09:59:52   |   43

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མ་ནི་ལ་རུ་སྡོད་པའི་ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ11པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ།(གསར་འགོད་པ་ཉེ་ཞའོ་དབྱང་དབྱང་ཡུན་ཆི) ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་ཉིན་ཤས་བསྟུད་མར་གཞི་ཁྱོན་ཆེ་བའི་རྔམ་སྟོན་བྱེད་སྒོ་སྤེལ། དམངས་ཚོགས་འབུམ་ཕྲག་ཁ་ཤས་ལི་ཧྲ་སྤྱི་གླིང་སོགས་སུ་འཛོམས་ནས་ཆུ་ལོག་འགོག་པའི་ལས་གྲྭའི་རུལ་སུངས་དང་སྐྱུག་བྲོ་བའི་གནས་ཚུལ་ལ་རྒོལ་གཏམ་བཏང་བ་དང་། འབྲེལ་ཡོད་གནད་དོན་ལ་ཡོངས་བསྒྲགས་ཁ་གསལ་གྱི་རྟོག་དཔྱོད་དང་འགན་འཁྲི་བདའ་འདེད་གཏོང་རྒྱུའི་འབོད་སྐུལ་བྱས།

ཐེངས་འདིའི་རྔམ་སྟོན་བྱེད་སྒོ་དེ་ཚེས16ནས་ཚེས18ཉིན་བར་ཁྱོན་སྡོམ་ཉིན་གསུམ་ལ་སྤེལ་རྩིས་ཡོད། འོན་ཀྱང་རྩ་འཛུགས་ཕྱོགས་ཀྱིས་ཚེས17ཉིན་གྱི་དགོང་མོར་སྔ་སྣུར་དུ་མཇུག་སྒྲིལ་རྒྱུ་ཁྱབ་བསྒྲགས་བྱས་ཡོད། རྒྱུ་མཚན་ནི“ཉིན་གསུམ་སྤེལ་དགོས་དོན་མེད་པའི”རྐྱེན་གྱིས་རེད། རྩ་འཛུགས་ཕྱོགས་ཀྱིས་དེ་སྔོན་གསལ་བསྒྲགས་སྤེལ་ཏེ་ད་ཐེངས་ཀྱི་རྔམ་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་རུལ་སུངས་ཀྱི་དོགས་གཞི་ཡོད་པའི་ཆུ་ལོག་འགོག་པའི་ལས་གྲྭར་རྟོག་དཔྱོད་མཐར་ཕྱིན་པ་བྱ་རྒྱུ་དངའབྲེལ་ཡོད་དཔོན་རིགས་དང་། ཁྲིམས་འཛུགས་མཁན། འགན་གཙང་ལེན་མཁན་གྱི་ཚོང་པ་བཅས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བཤད།

ཚེས16ཉིན། མ་ནི་ལ་གནོད་འཚེ་ཉེན་སེལ་དོ་དམ་གཞུང་ལས་ཁང་གི་སྡོམ་རྩིས་ལས་མངོན་པ་ལྟར་ན། མི་ཁྲི65ཙམ་རྔམ་སྟོན་ངོ་རྒོལ་བྱེད་སྒོའི་ནང་ཞུགས་ཡོད། ཚེས17ཉིན་ཧྥི་ལི་ཕིན་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་ཁྲི1.6ཙམ་མངགས་ནས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས།

ཉེ་བའི་ཟླ་བ་ཁ་ཤས་རིང་། ཧྥི་ལི་ཕིན་གྱི་ཆུ་ལོག་འགོག་པའི་ལས་གྲྭའི་རུལ་སུངས་གནད་དོན་ལ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་པ་དང་ཆུ་ལོག་འགོག་པར་སྤྱོད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་སྟོང་ཕྲག་མང་པོ་ཞིག་ལ“རྣམ་ཤེས་ལས་གྲྭ”དང་ཡང་ན་རྒྱུ་ཆ་ལྐོག་འཕྲིའི་གནད་དོན་ལྷག་ཡོད་པ་རེད། ཟླ9པའི་ཚེས21ཉིན། མ་ནི་ལ་དང་གྲོང་ཁྱེར་གཞན་དག་ཏུ་གཞི་ཁྱོན་ཆེ་བའི་ངོ་རྒོལ་བྱེད་སྒོ་སྤེལ་ཏེ་མི་ཁྲི10ཙམ་ཞུགས་པ་དང་ཉེན་རྟོག་ཕྱོགས་ཀྱིས་མི216འཛིན་བཟུང་བྱས་ཤིང་ཉུང་མཐར་ཡང་མི་གཅིག་རྔམ་སྟོན་ཁྲོད་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་མ་ནི་ལ་སོགས་ས་ཁུལ་དུ་གཟའ་འཁོར་རེར་རུལ་རྒོལ་རྔམ་སྟོན་བྱེད་ཀྱིན་ཡོད།

ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་གཞི་ཁྱོན་ཆེ་བའི་རྔམ་སྟོན་རྗེས་སུ་ཚོགས་པ་ཁག་ཅིག་གིས་ད་དུང་ཟླ་འདིའི་ཚེས30ཉིན་སླར་ཡང་མི་ཁྲི10ལྷག་ཙམ་ཞུགས་པའི་གཞི་ཁྱོན་ཆེ་བའི་རུལ་རྒོལ་བྱེད་སྒོ་སྤེལ་རྩིས་ཡོད།


མཉམ་སྤྱོད།