དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧིན་རྡུ་ཉི་ཞི་ཡའི་ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་ཕོག་ནས་མི20ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད།

2025-11-27 09:57:39   |   275

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།    ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ11པའི་ཚེས27ཉིན་གྱི་གློག་འཕྲིན། ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་སུའུ་མོན་ཏ་ལ་ཞིང་ཆེན་གྱི་ས་ཆ་མང་པོར་ཉེ་དུས་དྲག་ཆར་བབས་ནས་ཆུ་ལོག་དང་རི་ཉིལ་བའི་གནས་ཚུལ་ཐོན་ནས་མི20ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད།

དེ་གོང་གནས་ཚུལ་སྤེལ་བར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གེགས་འགོག་ཧྲུའུ་ཡིས་བརྡ་ཁྱབ་བཏང་ནས་ཉེ་ཆར་སུའུ་མོན་ཏ་ལ་ཞིང་ཆེན་བྱང་མའི་ཧྲི་ཝུའུ་ཡ་དང་། པེ་ཐ་ཕ་ནུའུ་ལི། ཀྲུང་ཐ་ཕ་ནུའུ་ལི་དང་དེ་བཞིན་ནན་ཐ་ཕ་ནུའུ་ལི་སོགས་སུ་གནམ་གཤིས་ཧ་ཅང་ངན་པ་བྱུང་ནས་ཆུ་ལོག་དང་རི་ཉིལ་བའི་གནས་ཚུལ་ཐོན་ཡོད། གནོད་འཚེས་མི་སྣ་ཤི་རྨས་བྱུང་བ་མ་ཟད། ས་གནས་དེ་གའི་གྲོང་མིའི་འཚོ་བ་དང་འཚོ་ཚིས་ལའང་འགོག་རྐྱེན་བཟོས་ཡོད།

ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་སའི་གོ་ལའི་དངོས་ལུགས་ཅུས་བསྟན་དོན། རེས་སྐོར་འདིའི་གནམ་གཤིས་ངན་པར་ས་ཁོངས་རང་བཞིན་གྱི་ཚ་ཁུལ་མ་ལག་གི་ཤུགས་རྐྱེན་ཐེབས་ནས་སུའུ་མོན་ཏ་ལ་བྱང་མའི་ས་ཁུལ་དུ་དྲག་ཆར་དང་རླུང་ཆེན་པོ་ལྡང་ཡོད། ལས་ཁུངས་དེས་འབྲེལ་ཡོད་སྔོན་བརྡ་བཏང་ནས་ས་གནས་སྲིད་གཞུང་དང་སྤྱི་དམངས་ལ་འབྱུང་འགྱུར་གྱི་ཉིན་ཤས་ནང་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།


མཉམ་སྤྱོད།