དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བལ་བོའི་སྲིད་ཏང60ལྷག་ཙམ་གྱིས་འདེམས་བསྐོའི་ཐོ་འགོད་བྱས་ཚར་འདུག

2025-11-25 10:11:19   |   49

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀ་ཏ་མན་རྡུ་རུ་སྡོད་པའི་ཀྲུང་གོའི་གསར་འགྱུར་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཚེས24ཉིན།(གསར་འགོད་པ་ཚུའེ་ནན)བལ་བོའི་འདེམས་བསྐོ་ཨུ་ལྷན་གྱིས་མིག་སྔའི་བར་སྲིད་ཏང61གིས་འདེམས་བསྐོའི་ཐོ་འགོད་བྱས་ཚར་བ་དང་། 2026ལོའི་ཟླ3པའི་ཚེས5ཉིན་འཚོག་རྒྱུའི་གྲོས་ཁང་འོག་མའི་འདེམས་བསྐོའི་ནང་ཞུགས་རྒྱུ་ཡིན་པ་ར་སྤྲོད་བྱས།

ཚེས24ཉིན། བལ་བོའི་འདེམས་བསྐོ་ཨུ་ལྷན་གྱི་མགྲིན་ཚབ་པས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་སྲིད་ཏང132ཀྱིས་འདེམས་བསྐོ་ཨུ་ལྷན་དུ་ཐོ་འགོད་བྱས་པའི་ནང་སྲིད་ཏང61གིས་དངོས་སུ་ཐོ་འགོད་བྱས་ཚར་ཞེས་བཤད། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྲིད་ཏང་ཐོ་འགོད་ཀྱི་དོན་དག་སྔོན་ལ་ཐག་གཅོད་བྱས་ཏེ་སྲིད་ཏང་མང་པོ་འདེམས་བསྐོའི་ནང་ཞུགས་རྒྱུའི་འགན་ལེན་བྱེད་བཞིན་ཡོད།

མགྲིན་ཚབ་པས་མུ་མཐུད་དུ་བཤད་དོན། ཟླ11པའི་ཚེས21ཉིན་བར་སྤྱི་དམངས837000ཡིས་འདེམས་དམངས་གསར་པའི་ཐོ་འགོད་རེ་ཞུ་ཕུལ་ཡོད།(ཚར།)


མཉམ་སྤྱོད།