དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་མངའ་ཁོངས་རྒྱ་མཚོ་རུ་ཁྲིམས་འགལ་ངང་འཛུལ་བའི་འཇར་ཕིན་གྱི་གྲུ་གཟིངས་རྒྱང་སྐྲོད་བྱས་པ།

2025-12-02 14:29:24   |   218

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།    ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུའི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཏེ་ཅུན་གྱིས་ཟླ12པའི་ཚེས2ཉིན་བསྟན་དོན། འཇར་པིན“རུའེ་པའོ་བམ”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་མངའ་ཁོངས་རྒྱ་མཚོ་རུ་འཛུལ་བར་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་རྒྱང་སྐྲོད་ཀྱི་ཐ་ཚིག་བསྒྲགས། ཏེའོ་ཡུས་གླིང་ཕྲན་དང་དེའི་ཞོར་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པས་འཇར་པིན་ཕྱོགས་ལ་མཚོ་ཁོངས་དེའི་དབང་ཆར་བཙན་འཛུལ་དང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་མཐའ་དག་འཕྲལ་མར་མཚམས་འཇོག་བྱ་རྒྱུའི་ལྕག་སྐུལ་བྱས། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།


མཉམ་སྤྱོད།