དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐེ་རོན་ཕུས2026ལོའི་ལོ་མགོར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞིའི་མིང་འདོན་འོས་མི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ།

2025-12-03 09:04:17   |   172

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ12པའི་ཚེས3ཉིན་གྱི་གློག་འཕྲིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས2ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས2026ལོའི་ལོ་མགོར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞིའི་མིང་འདོན་འོས་མི་ཁྱབ་བསྒྲགས་བྱས་ནས་ད་ལྟའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་པའོ་ཝེར་གྱི་ཚབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

01.jpg

ཐེ་རོན་ཕུས་ད་དུང་ཨ་རིའི་ནོར་སྲིད་པུ་ཀྲང་པེ་སེན་ཐེས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་འདོད་མེད་ཅེས་བཤད།

གནས་ཚུལ་སྤེལ་བར་གཞིགས་ན། ཕོ་བྲང་དཀར་པོའི་རྒྱལ་ཁབ་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཁའེ་ཝུན·ཧ་ཤིས་ཐེ་ནི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་སྐབས་རྗེས་མའི་ཀྲུའུ་ཞིའི་ལས་འགན་འདེམ་སྒུག་རྣམས་ཀྱི་ཁྲོད་མཁན་ཀུན་གྱིས་དོ་སྣང་བྱེད་པའི་འོས་མི་ཞིག་རེད། དེ་གོང་ཐེ་རོན་ཕུས་ཁོང་གིས་པའོ་ཝེར་གྱི་ཚབ་བྱེད་མཁན་འོས་མི་གཏན་འཁེལ་བྱས་ཡོད་ཟེར་མོད། འོན་ཀྱང་ཁའེ་ཝུན·ཧ་ཤིས་ཐེ་ཡིན་མིན་འདྲི་སྐབས་ཐེ་རོན་ཕུས་ལན་བརྒྱབ་མེད།

དེ་གོང་གནས་ཚུལ་སྤེལ་བར་གཞིགས་ན། པའོ་ཝེར་གྱི་འགན་འཁུར་ཡུན2026ལོའི་ཟླ5པར་མཇུག་འགྲིལ་རྒྱུ་རེད། དེ་གོང་པའོ་ཝེར་གྱིས་ཐེ་རོན་ཕུའི་སྐྱེད་ཀ་གཅོག་པའི་བླང་བྱ་ཐེངས་མང་ཁས་མ་བླངས་པར་ཕྱི་མས་སྐྱོན་བརྗོད་བྱས་པ་རེད། ཐེ་རོན་ཕུས་དེ་སྔ་པའོ་ཝེར་ལ་ལས་དབྱུང་བྱ་རྒྱུའི་འཇིགས་སྐུལ་ཐེངས་མང་བྱས་ནས་ཁྲོམ་རར་ལྡོག་ཕྱོགས་ཀྱི་ཕོག་ཐུག་བཟོས་ཡོད།


མཉམ་སྤྱོད།