དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་ཀྱིས་ཨུ་རུ་སུ་དང་ཨ་རིའི་གྲོས་མོལ་གྱིས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པའི་བར་འདུམ་ཇུས་གཞིར་གྲོས་མཐུན་བྱུང་མེད་ཅེས་བཤད་པ།

2025-12-03 09:42:07   |   355

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


02.png

ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ12པའི་ཚེས3ཉིན་གྱི་གློག་འཕྲིན། ཚེས3ཉིན། ཨུ་རུ་སུའི་ཙུང་ཐུང་ལས་རོགས་ཝུའུ་ཧྲ་ཁོ་ཕུའུ་ཡིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝུའེ་ཐེ་ཁོ་ཧྥུའུ་ཡིས་ཁེ་ལི་མུའུ་ལིན་ཕོ་བྲང་དུ་འཚོགས་པའི་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པའི་གྲོས་མོལ་གྱི་བར་འདུམ་ཇུས་གཞིར་གྲོས་མཐུན་བྱུང་མེད་ཅེས་བཤད་པ་རེད། ཨ་རི་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་ཁག་གཅིག་ཨུ་རུ་སུ་ཕྱོགས་ཀྱིས་དང་ལེན་བྱེད་ཐུབ་མེད།


མཉམ་སྤྱོད།