དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁམ་ཕུ་ཁྲེས2026ལོར་ཀྲུང་གོའི་གནས་སྐོར་བར་ཐོངས་མཆན་འགོད་མི་དགོས་པར་མངའ་ཁོངས་སུ་འཛུལ་བའི་ཚོད་ལྟ་བྱ་རྒྱུ་རེད།

2025-12-03 15:32:56   |   196

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་ཕ་ནོམ་ཕེན་ནས་ཟླ12པའི་ཚེས3ཉིན་གྱི་གློག་འཕྲིན། ཁམ་ཕུ་ཁྲེའི་གནས་སྐོར་པུའི་དཔོན་རིགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས3ཉིན་ཀྲུང་གོ་གསར་འགྱུར་ཁང་ལ་ར་སྤྲོད་བྱས་པ་ལྟར་ན། ཁམ་ཕུ་ཁྲེ་སྲིད་གཞུང་གིས2026ལོའི་ཟླ6པའི་ཚེས15ཉིན་ནས་ཟླ10པའི་ཚེས15ཉིན་བར་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པར་རྒྱལ་མཚམས་ནང་འཛུལ་བའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

དེའི་རིང་། ཀྲུང་གོའི་གནས་སྐོར་བས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་གཱ་བྲིས་ཚེ་རྒྱལ་ཁོངས་སུ་འཛུལ་ཆོག་པ་དང་། སྔོན་ལ་ཐོངས་མཆན་རེ་ཞུ་དང་དེ་བཞིན་འབྲེལ་ཡོད་འགྲོ་གྲོན་སྤྲོད་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཐེངས་རེར་ཉིན14སྡོད་ཆོག་པ་མ་ཟད། གོ་ཆོད་དུས་ཡུན་ནང་འགྲོ་འོང་ཐེངས་མང་བྱེད་ཆོག་གི་ཡོད་པ་རེད།

ཚེས3ཉིན། ཁམ་ཕུ་ཁྲེའི་གནས་སྐོར་པུས་རྒྱལ་ཁབ་དེའི་གནས་སྐོར་ལས་རིགས་མཐུན་ཚོགས་དང་སྨྱན་སྦྱོར་སྒྲིག་གཞི་སོགས་འབྲེལ་ཡོད་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་འོས་སྦྱོར་རྒྱ་ཁྱབ་བྱས་ཏེ་ཀྲུང་གོའི་སྤྱི་དམངས་དང་མ་འཇོག་མཁན་ཁམ་ཕུ་ཁྲེར་འཚམས་འདྲི་དང་སྤེལ་རེས་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཁམ་ཕུ་ཁྲེས་རྒྱལ་སྤྱིའི་གནས་སྐོར་བ་མི་ཐེངས་ཁྲི480ཙམ་ལ་སྣེ་ལེན་ཞུས་པའི་ནང་ཀྲུང་གོའི་གནས་སྐོར་བ་མི་ཐེངས་ཁྲི100ཙམ་ཟིན་ཡོད་པ་རེད།

ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་ཕ་ནོམ་ཕེན་ལས་གཉེར་པུའི་སྤྱི་གཉེར་ཀྲོའུ་དབྱིང་ཕིང་གིས་ཐོངས་མཆན་འགོད་མི་དགོས་པའི་ཚོད་ལྟ་བྱས་པ་དེས་ཀྲུང་གོའི་གནས་སྐོར་བ་ཁམ་ཕུ་ཁྲེར་སྐྱོད་པའི་འདོད་བློ་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཐུབ་ཟེར།  ཕྱོགས་གཅིག་ནས་ཐོངས་མཆན་འགོད་མི་དགོས་པའི་དུས་ཚོད་ནི་ཀྲུང་གོའི་དབྱར་གསེང་རིང་གི་གནས་སྐོར་བྱེད་མཁན་མང་བའི་དུས་ཚིགས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་དེ་གོང་ཁམ་ཕུ་ཁྲེའི་ཐོངས་མཆན་འགོད་པའི་འགྲོ་གྲོན་སྤྱིར་བཏང་ཨ་སྒོར30ནས35བར་ཡིན་པ་རེད། དབང་འཛིན་ལས་ཁུངས་ཀྱིས་བཏོན་པའི་སྲིད་ཇུས་གསར་པས་ཀྲུང་གོའི་གནས་སྐོར་བའི་ཕྱིར་སྐྱོད་མ་གནས་སྔར་བས་དམའ་རུ་ཕྱིན་ནས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་ཁམ་ཕུ་ཁྲེའི་གནས་སྐོར་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་རྒྱུ་རེད།


མཉམ་སྤྱོད།