དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་པེ་ཅིང་དུ་འབྱོར་ཏེ་ཀྲུང་གོར་འཚམས་འདྲི་གནང་མགོ་ཚུགས།

2025-12-04 09:18:12   |   191

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ཟླ12པའི་ཚེས3ཉིན་པེ་ཅིང་དུ་འབྱོར་ཏེ་ཀྲུང་གོར་དུས་ཡུན་ཉིན་གསུམ་གྱི་རྒྱལ་དོན་འཚམས་འདྲི་གནང་མགོ་ཚུགས།

པེ་ཅིང་དུ་སྡོད་པའི་ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ12པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ།(གསར་འགོད་པ་ཏུང་ཞུའེ་དང་ལུའུ་ཅུན་ཡུས།)རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ཟླ12པའི་ཚེས3ཉིན་པེ་ཅིང་དུ་འབྱོར་ཏེ་ཀྲུང་གོར་དུས་ཡུན་ཉིན་གསུམ་གྱི་རྒྱལ་དོན་འཚམས་འདྲི་གནང་མགོ་ཚུགས།

འདི་ནི་ཙུང་ཐུང་མ་ཁེ་ལུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་བཞི་པ་ཡིན་ལ། ན་ནིང་ཀྲུང་ཧྥ་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བའི་རྗེས་སུ་ཕྱིར་འཚམས་འདྲིར་ཕེབས་པ་ཞིག་ཀྱང་རེད། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་སྟེ། དུས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྣེ་ཁྲིད་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ། ཀྲུང་ཧྥའི་དབར་གྱི་ཕྱི་འབྲེལ་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།


མཉམ་སྤྱོད།