དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོ16མན་ལ་བེད་སྤྱོད་མི་ཆོག་པ་བཟོས།

2025-12-10 15:25:05   |   40

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཨོ་སི་ཁྲུ་ལི་ཡས་ལོ16མན་གྱི་མི་ཚོགས་ལ་དམིགས་པའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བཀག་རྒྱ་ཟླ་འདིའི་ཚེས10ཉིན་དངོས་སུ་ཕན་གོ་ཆོད་རྒྱུ་ཡིན་པ་རེད། ཟླ12ཚེས་3ཉིན། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་བཀག་སྡོམ་དེས་ལོ་ཆུང་བྱིས་པར་གནོད་པའི་ནང་དོན་གྱི་གནོད་འཚེ་ཕོག་མི་ཐུབ་ཅེས་བཤད་པ་རེད།

ན་ནིང་ཟླ11པར། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཁྲིམས་གཞིར་གྲོས་འཆམ་བྱས་ནས། ལོ16མན་གྱི་ནར་མ་སོན་པའི་མིར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེགས་བུ་མང་ཆེ་བ་སྤྱད་མི་ཆོག་པ་བཟོས། དྲ་རྒྱའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྤྱི་གཉེར་གྱིས་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ནས་ལོ16མན་གྱི་ནར་མ་སོན་པའི་མིས་སྟེགས་བུ་སྤྱོད་རིགས་བཀག་འགོག་མ་བྱས་ཚེ། ཨོ་སི་ཁྲུ་ལི་ཡའི་སྒོར་མོ་ཆེས་མང་ཤོས་ཁྲི5000(མི་དམངས་ཤོག་སྒོར་དུང་ཕྱུར2.32ཙམ་དང་མཚུངས)གི་དངུལ་ཆད་གཅོད་རྒྱུ་ཡིན་པ་དང་། གཏན་འབེབས་དང་འགལ་བའི་ནར་མ་སོན་པའི་མིའམ་ཡང་ན་དེའི་ཕ་མར་ཆད་པ་གཅོད་མི་སྲིད།



མཉམ་སྤྱོད།