དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཁམ་ཕུ་ཁྲེ་དང་ཐེ་ལན་དབར་གདོང་ཐུག་བྱུང་ནས་མཐའ་མཚམས་ཀྱི་སྡོད་དམངས་ཁྲི་བཅུ་ཕྲག་ཁ་ཤས་ཁྱིམ་གཞིས་དོར་ནས་བྲོས་བྱོལ་བྱས་པ།

2025-12-10 15:27:47   |   30

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ12ཚེས10ཉིན་གློག་འཕྲིན་འབྱོར་གསལ། ཕྱོགས་བསྡུས་ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་ལན་དང་ཁམ་ཕུ་ཁྲེར་ཉེ་ཆར་བྱུང་བའི་མཐའ་མཚམས་གདོང་ཐུག་ལས་རྒྱལ་ཁབ་གཉིས་པོའི་མང་ཚོགས་ཁྲི་བཅུ་ཕྲག་ཁ་ཤས་ཁྱིམ་གཞིས་དོར་ནས་ཁ་བྲལ་ཡོད།

གནས་ཚུལ་སྤེལ་བའི་ནང་ཐེ་ལན་གྱིས་མཐའ་མཚམས་ཞིང་ཆེན་ལྔ་ནས་མི་སེར་ཁྲི43.8ཁ་འགྲེམས་བྱས་ལ། ཁམ་ཕུ་ཁྲེའི་དབང་འཛིན་ལས་ཁུངས་ཀྱིས་མི་ཁྲི་བཅུ་ལྷག་ཙམ་བདེ་འཇགས་ཁུལ་དུ་སྤོས་ཡོད་ཅེས་བཤད།

ཐེ་ལན་དམག་ཕྱོགས་ཀྱིས་དམག་མི18ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་དང་ཁམ་ཕུ་ཁྲེ་སྲིད་གཞུང་གི་སྙན་ཞུའི་ནང་མི་སེར9ལ་རྨས་སྐྱོན་ཕོག་ཡོད་ཅེས་འཁོད་ཡོད།

ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ས་ཁུལ་དུ་ཚེས7ཉིན་གདོང་ཐུག་དྲག་པོ་བྱུང་ནས་ས་ཆ་མང་པོར་མེ་སྒྱོགས་མང་པོ་བརྒྱབ་ཅིང་། ཕྱོགས་གཉིས་པོས་ཕ་རོལ་པོས“སྔོན་ལ་མེ་མདའ་བརྒྱབ”ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད།


མཉམ་སྤྱོད།