དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྲ་བའི་བརྒྱུད་སྒྲོག་ལ་བརྟེན་ནས་མདའ་བཞིའི་དུས་ཚིགས་བཞིའི་ཡུལ་ལྗོངས་བརྙན་མིག་ཏུ་བསྟར་བའི་བྱེད་སྒོ་མགོ་བརྩམས་པ།

2025-12-11 15:38:05   |   161

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་


ཀྲུང་གོ་གསར་འགྱུར་དྲ་བ་ནས་འབྱོར་བའི་གློག་འཕྲིན་ལྟར་ན། ཉེ་ཆར། “དྲ་བའི་བརྒྱུད་སྒྲོག་ལ་བརྟེན་ནས་མདའ་བཞིའི་དུས་ཚིགས་བཞིའི་ཡུལ་ལྗོངས་བརྙན་མིག་ཏུ་བསྟར་བའི”བྱེད་སྒོ་སྤེལ་མགོ་བརྩམས་པ་དང་། སྨྱན་སྦྱོར་གསར་འགོད་པ་དང་དྲ་རྒྱའི་དྲིལ་སྒྲོག་མཁན་གྱིས་མཚོ་སྔོན་པོར་མཚོ་དར་ཆགས་པ་དང་སྨོན་ལམ་མཐོན་པོའི་ཉི་ཤར་གྱི་མཛེས་ལྗོངས། མ་རྡུལ་མཁར་དྲན་གསོ་ཁང་གི་ལོ་རྒྱུས་དྲན་ཤེས་ཁྲོད་གནས་པའི“མདའ་བཞིའི་མཛེས་སྡུག”འཚོལ་བའི་དུས་རིམ་དང་པོའི་བྱེད་སྒོ་དེ་དངོས་སུ་མགོ་བརྩམས། 

1d78b5a738cb58d4c279e77ed3923860.jpg

མཚོ་བྱང་ཁུལ་མདའ་བཞི་རྫོང་ནི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་ཤིང་། རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་ཀྱང་ཡིན། དེ་ལས་གཞན། ཀྲུང་གོའི་མ་རྡུལ་མཁར་ཡང་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གསེར་དངུལ་ཐང་དུ་གནས་པ་དང་། དེ་ནི་ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་ཞིབ་འཇུག་དང་གསར་བཟོ་རྟེན་གཞི་དང་པོའི་གནས་ཡུལ་ཡིན།  

རིག་གནས་དང་གནས་སྐོར་མཉམ་འདྲེས་དང་རྒྱལ་སྤྱིར་ཁྱབ་སྤེལ་གཏིང་ཟབ་ཏུ་གཏོང་ཆེད། 2025ལོའི་མདའ་བཞི་རྫོང་གི་དགུན་དུས་གནས་སྐོར་གྱི་མགོ་རྩོམ་མཛད་སྒོ་དང་མཚོ་སྔོན་པོར་མཚོ་དར་ཆགས་པའི་དུས་ཚིགས་ཀྱི་སྨྱན་སྦྱོར་འགྲུལ་སྐྱོད་སྒོ་ལེགས་པོར་སྒྲུབ་ཆེད། རེབ་འདིར་ཀྲུང་གུང་མདའ་བཞི་རྫོང་ཨུའི་དྲིལ་སྒྲོག་པུ་དང་ཀྲུང་གུང་མདའ་བཞི་རྫོང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་ཀྲུང་གོ་གསར་འགྱུར་ལས་དོན་ཁང(པེ་ཅིང)རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་པ་ཚད་ཡོད་སྤྱི་གཉེར་མཚོ་སྔོན་ཡན་ལག་སྤྱི་གཉེར་དང་མཉམ་འབྲེལ་བྱས་ཏེ། “དྲ་བའི་བརྒྱུད་སྒྲོག་ལ་བརྟེན་ནས་མདའ་བཞིའི་དུས་ཚིགས་བཞིའི་ཡུལ་ལྗོངས་བརྙན་མིག་ཏུ་བསྟར་བའི”ལོ་འཁོར་ཧྲིལ་བོའི་ཁྱབ་སྒྲོག་བྱེད་སྒོ་སྤེལ་བ་དང་། བརྗོད་དོན་གཙོ་བོ་ནི་མཚོ་མོ་གཅིག་དང་ས་ཁོངས་གཅིག་གི་ཡུལ་ལྗོངས་དྲ་བས་སྦྲེལ་ཏེ་ལོ་ཧྲིལ་པོར་རྒྱུན་རྣམ་ཅན་དུ་དྲིལ་སྒྲོག་དང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན།

3ca84b9ed31488e72e0e053405156044.jpg  

ཐེངས་འདིའི་བྱེད་སྒོས་མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་ངོ་མཚར་མཛེས་སྡུག་གཞིར་བཟུང་སྟེ། མ་རྡུལ་མཁར་གྱི་གསར་བརྗེ་ཞིབ་སློབ་དང་ནུབ་མཚོ་ཅུན་གྱི་ལོ་རྒྱུས་འཚོལ་ཞིབ། ཆུ་ཚན་ཁམས་གསོ་མྱོང་རོལ་བྱེད་པ། མི་རིགས་མཐུན་སྒྲིལ་འགྲེམ་སྟོན་ཁང་སོགས་ཐོན་ཁུངས་སྣ་མང་སྦྲེལ་མཐུད་བྱས་ཏེ། བརྙན་མིག་ལ་བརྟེན་ནས་མདའ་བཞིའི་སྐྱེ་ཁམས་ཀྱི་མཛེས་སྡུག་དྲིལ་སྒྲོག་དང་རྩོམ་འབྲིའི་ལམ་ནས་གསར་བརྗེའི་གཏམ་རྒྱུད་བརྗོད་པ། མྱོང་རོལ་ལ་བརྟེན་ནས་རིག་གནས་བརྒྱུད་སྒྲོག་བཅས་བྱས་ཏེ། མདའ་བཞི་རྫོང་གི“གསར་བརྗེ+སྐྱེ་ཁམས+རིག་གནས”ལོའི་འཕེལ་རྒྱས་ཀྱི་རྣམ་པ་འགྲེམ་སྟོན་བྱས་ཏེ། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་པ་ཡིན། 

ཐེངས་འདིའི་བྱེད་སྒོ་ནི་ལོ་འཁོར་ཧྲིལ་པོའི་རིང་ཡིན་ལ། མཚོ་སྔོན་པོའི་བྱང་རྒྱུད་ཀྱི་མདའ་བཞི་ས་ཆའི་དཔྱིད་ཀྱི་གསོན་ཤུགས། དབྱར་གྱི་ལང་ཚོ། སྟོན་གྱི་འབྲས་བཟང་། དགུན་གྱི་གྲང་འཁྱགས་བཅས་དུས་ཚིགས་བཞིའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཏེ། མཚོ་སྔོན་པོས་ཞལ་སྒོ་འབྱེད་པའི་དུས་ཚིགས་དང་མ་རྡུལ་མཁར་གྱི་གསར་བརྗེ་ཞིབ་སློབ། མདའ་བཞིའི་ལོ་ལེགས་དུས་ཆེན། ཤྭ་ལུང་ཆུ་ཚན་གྱི་ཁམས་གསོ་མྱོང་རོལ། སྐྱེས་མཆོག་སྨོན་ལམ་མཐོན་པོའི་ཉི་ཤར་ལ་ལྟ་བ་སོགས་གྲགས་ཆེ་བའི་ལྗོངས་རྒྱུ་ཐོན་ཁུངས་ལ་བརྟེན་ནས་མདའ་བཞི་རྫོང་གི་དུས་བཞིའི་འགྱུར་ལྡོག་གི་མཛེས་སྡུག་འཛིན་མའི་ཁྱོན་དང་དྲ་བའི་སྒང་ལ་བརྒྱུད་སྒྲོག་བྱ་རྒྱུ་རེད། དེ་དང་ཆབས་ཅིག་དྲ་རྒྱའི་དྲིལ་སྒྲོག་མཁན་གྱི་ཤུགས་རྐྱེན་དང་ཁྱབ་སྒྲོག་ནུས་པར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་སྔར་ལས་མང་བ་མཚོ་བྱང་མདའ་བཞིར་ལྗོངས་རྒྱུར་ཡོང་ནས་ངོ་མཚར་བའི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་གསར་བརྗེའི་དྲན་པ། སྣ་མང་རིག་གནས་བཅས་ཉམས་སུ་མྱོང་བར་ལྷག་བསམ་ཟོལ་མེད་ཀྱིས་རེ་སྒུག་བྱས་ཡོད། 


མཉམ་སྤྱོད།