དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་དམག་གྲུF-18གཉིས་ཝེ་ནེ་ཙུའེ་ལའི་བར་སྣང་དུ་འཕུར་བ།

2025-12-12 15:06:45   |   55

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


59be7214fe70dcad835f64f6fcc20d1d.jpg

ས་གནས་དེ་གའི་དུས་ཚོད་ཚེས9ཉིན་གྱི་ཉིན་གུང་ཨ་རིའི་དམག་འཐབ་གནམ་གྲུF-18གཉིས་ཝེ་ནེ་ཙུའེ་ལའི་མངའ་ཁོངས་བར་སྣང་དུ་འཛུལ་བ་དང་འབྲེལ་ཝེ་ནེ་ཙུའེ་ལའི་མངའ་ཁོངས་བར་སྣང་དུ་ཉུང་མཐར་ཡང་སྐར་མ40བསྡད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་དམག་འཐབ་གནམ་གྲུ་ཝེ་ནེ་ཙུའེ་ལའི་གྲོང་ཁྱེར་ཆེ་གྲས་གཉིས་པ་མ་ལ་ཁའེ་པོའི་བྱང་ཤར་གྱི་དབྱིན་ལེ་100(སྤྱི་ལེ161ཙམ་ཡིན)ཙམ་སྟེ་ཝེ་ནེ་ཙུའེ་ལའི་མངའ་ཁོངས་བར་སྣང་དུ་ཉུང་མཐར་ཡང་སྐར་མ40བསྡད་པ་དང་མཐོ་ཚད་དབྱིན་ཁྲུ་ཁྲི2.5(སྨི7620ཙམ་ཡིན)ཙམ་ཡོད་པ་དང་དེ་རྗེས་བྱང་ཕྱོགས་སུ་འཕུར་ནས་ས་ཁུལ་དེ་ནས་ཁ་བྲལ་བ་རེད།

FlightRadar24སོགས་དྲ་ཚིགས་ལྟར་ན། ཨ་རིའི་དམག་འཐབ་གནམ་གྲུའི་འཕུར་སྐྱོད་རྗེས་ཤུལ་ཐོག་ནས་དེ་དག་ཝེ་ནེ་ཙུའེ་ལའི་ནུབ་བྱང་རྒྱུད་ཀྱི་མ་ལ་ཁའེ་པོ་མཚེའུ་བྱང་རྒྱུད་ཀྱི་མཁའ་ཐོག་ནས་འཕུར་བ་དང་ཝེ་ནེ་ཙུའེ་ལའི་མཚོ་ཁུག་གི་ཆུ་ཁོངས་བརྒྱུད་ཡོད། འཕུར་སྐྱོད་ལམ་ཐིག་ནི་ཝེ་ནེ་ཙུའེ་ལའི་ནུས་ཁུངས་ཐོན་ལས་ཀྱི་འགག་རྩའི་ས་ཁུལ་གཉིས་ཏེ། སུའུ་ལི་ཡ་མངའ་སྡེའི་ལ་ཀྭ་ཞི་ལ་གྲོང་ཁྱེར་དང་ཧྥ་ཨེར་ཁུང་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཁོ་ལུའོ་བར་གནས་ཡོད།

818c0036b7d8a5a6d21e2f50c2c8baf1.jpg

དོན་དེ་ནི་ཨ་རི་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་ཛ་དྲག་ཆེ་རུ་འགྲོ་བའི་སྐབས་སུ་ཡིན། ཉེ་ཆར་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ཡིས་ཨ་རིས“མགྱོགས་པོར་ཝ”བྱ་སྤྱོད་སྤེལ་ནས་སྐམ་ལམ་བརྒྱུད་ཝེ་ནེ་ཙུའེ་ལའི“དུག་ཚོང”ལ་རྡུང་རྡེག་གཏོང་སྲིད་ཅེས་ཐེངས་མང་བཤད་པ་རེད།

ཉེ་ཆར་ཨ་རིས“དུག་ཚོང་རྒྱག་མཁན་འཛིན་པ”རྒྱུ་མཚན་དུ་བྱས་ནས་ཝེ་ནེ་ཙུའེ་ལའི་ཉེ་འགྲམ་གྱི་ཅ་ལེ་པིའི་མཚོ་ཁོངས་སུ་དམག་གྲུ་མང་པོ་བཀོད་སྒྲིག་བྱས་ནས་ཝེ་ནེ་ཙུའེ་ལར་གནོན་ཤུགས་གཏོང་གི་ཡིད། ཝེ་ནེ་ཙུའེ་ལས་ཨ་རིས་དམག་དོན་གྱི་འཇིགས་སྐུལ་བརྒྱུད་ཝེ་ནེ་ཙུའེ་ལའི་སྲིད་དབང་བརྗེ་རེས་ལ་ངན་སྐུལ་བྱེད་རྩིས་ཡོད་པ་མ་ཟད། ལ་ཏིང་མེ་གླིང་དུ་དམག་དོན་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་སྐྱོན་བརྗོད་ཐེངས་མང་བྱས་པ་རེད།


མཉམ་སྤྱོད།