དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨོ་སི་ཁྲུ་ལི་ཡའི་པང་ཏི་མཚོ་འགྲམ་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས16རྐྱེན་ལམ་དུ་ཤོར་བ།

2025-12-15 11:43:43   |   896

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ12ཚེས15ཉིན་གྱི་གློག་འཕྲིན། ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་སྤྱི་གཉེར་གྱིས(abc)གནས་ཚུལ་སྤེལ་བར་གཞིགས་ན། ཚེས14ཉིན་ཨོ་སི་ཁྲུ་ལི་ཡའི་པང་ཏི་མཚོ་འགྲམ་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་བྱིས་པ་གཅིག་དང་ཉེས་གསོག་དོགས་ཅན་གཅིག་ཚུད་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཉེས་གསོག་དོགས་ཅན་གཞན་ཞིག་ལ་རྨས་སྐྱོན་ཕོག་ནས་མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་བཀག་ཉར་བྱས་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི38ལ་རྨས་སྐྱོན་ཕོག་པའི་ནང་ཉེན་རྟོག་པ་གཉིས་ཚུད་ཡོད།

དོན་རྐྱེན་བྱུང་རྗེས། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིས་རྒྱལ་ཁབ་བདེ་འཇགས་ཚོགས་འདུ་འཚོགས་པ་དང་འབྲེལ་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ“རྩ་མེད་རང་བཞིན་གྱི་འཇིགས་སྐུལ་དོན་རྐྱེན”དུ་གཏན་འཁེལ་བྱས། ཨོ་སི་ཁྲུ་ལི་ཡའི་ཤིན་ནན་ཝུའར་ཧྲི་མངའ་སྡེ་ཡི་མངའ་དཔོན་གྱིས་ད་ཐེངས་ཀྱི་དོན་རྐྱེན་ནི་ཞི་ཉི་ཡིའུ་ཐའེ་སྡེ་ཁུལ་ལ་དམིགས་པའི་འཇབ་རྒོལ་ཞིག་རེད་ཅེས་བཤད་ཡོད།


མཉམ་སྤྱོད།