དེ་རིང་ནི2025ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྗར་པན་གྱི་ཉིང་རྡུལ་གློག་ཁང་ཆེས་ཆེ་ཤོས་སླར་ཡང་སྒོ་འབྱེད་རྒྱུ་ཡིན་པ།

2025-12-22 15:09:58   |   44

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་གསལ། ལྗར་པན་གྱི་སྨྱན་སྦྱོར་གྱིས་ཚེས22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་པན་ཞིན་ཞི་རྫོང་གྲོས་ཚོགས་ཀྱིས་དེ་ཉིན་འབྲེལ་ཡོད་ཁ་གསབ་སྔོན་རྩིས་ལ་ཆོག་མཆན་སྤྲད་ནས། ས་ཡོམ་བྱུང་བའི་དབང་གིས2012ལོར་སྒོ་བརྒྱབ་པའི་ཞིན་ཞི་རྫོང་གི་པའེ་ཆི་དབྱི་ཉིང་རྡུལ་གློག་ཁང་སླར་ཡང་སྒོ་འབྱེད་རྒྱུ་རེད། པའེ་ཆི་དབྱི་ཉིང་རྡུལ་གློག་ཁང་ནི་ལྗར་པན་གྱི་ཆེས་ཆེ་བའི་ཉིང་རྡུལ་གློག་ཁང་ཡིན་པ་རེད།


མཉམ་སྤྱོད།