དེ་རིང་ནི2026ལོའི་ཟླ01པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་འཚམས་འདྲི་གནང་མགོ་བརྩམས་པ།

2026-01-04 15:01:00   |   197

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པའི་ཚེས4ཉིན་གྱི་གློག་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་ཟླ1པའི་ཚེས4ཉིན་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་དུས་ཡུན་ཉིན་བཞིའི་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས་པ་རེད།

ཐེངས་འདིའི་འཚམས་འདྲི་ནི་ལི་ཙའི་མིང་ཙུང་ཐུང་གི་འགན་བཞེས་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་དེ་རེད། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཀྲུང་ཧན་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་དང་མཉམ་ལས་རོགས་ཟླ་ཡིན་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཐེངས་འདིའི་འཚམས་འདྲི་ཡིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།