དེ་རིང་ནི2026ལོའི་ཟླ01པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུའི་རྒྱལ་སྲུང་པུས་ཡུག་རེན་གྱི་མི་མེད་གནམ་གྲུ200ལྷག་ཙམ་གྱིས་ཨུ་རུ་སུའི་ས་ཆ་མང་པོར་འཇབ་རྒོལ་བྱས་ཡོད་ཅེས་བཤད་པ།

2026-01-05 10:32:50   |   195

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ1པའི་ཚེས4ཉིན་འབྱོར་བའི་གློག་འཕྲིན། ཚེས4ཉིན། ཨུ་རུ་སུའི་རྒྱལ་སྲུང་པུས་བརྡ་ཁྱབ་བཏང་ནས་ཨུ་རུ་སུའི་མངའ་ཁོངས་ཀྱི་ས་ཆ་མང་པོར་ཆུ་ཚོད7ནང་ཡུག་རེན་གྱི་མི་མེད་གནམ་གྲུ253གྱིས་འཇབ་རྒོལ་ཕོག་ཡོད་ཅེས་འཁོད་ཡོད་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུས་བརྡ་ཁྱབ་ནང་མོ་སི་ཁོའི་དུས་ཚོད་དེ་ཉིན་གྱི་ཆུ་ཚོད13ནས20བར་ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་པུའུ་ལེའང་སི་ཁེ་ཀྲོའུ་དང་། པེར་ཀེ་ལུའོ་ཏེ་ཀྲོའུ། མོ་སི་ཁོ་དང་དེ་བཞིན་མོ་སི་ཁོ་ཀྲོའུ། ཁ་ལུའུ་ཅ་ཀྲོའུ། ཁུར་ཨར་སི་ཁེ་ཀྲོའུ་སོགས་ས་ཁུལ་མང་པོ་ནས་ཡུག་རེན་གྱི་མི་མེད་གནམ་གྲུ253བཀག་པའམ་ཡང་ན་གཏོར་བ་རེད།

ཉིན་དེའི་སྔ་ཙམ་དུ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཧྲུའུ་ཡིས་གནས་ཚུལ་སྤེལ་ནས་མོ་སི་ཁོའི་ཏོ་མོ་ཅེ་ཏུའོ་ཝོ་གནམ་ཐང་དང་། ཕུའུ་ནུའུ་ཁོ་ཝོ་གནམ་ཐང་། རུའུ་ཁོ་ཕུའུ་སི་ཅི་གནམ་ཐང་། དེ་བཞིན་ཡ་ལུའོ་སི་ལ་ཧྥུར་ཀྲོའུ་ཡི་ཡ་ལུའོ་སི་ལ་ཧྥུར་གནམ་ཐང་། ནུའོ་ཕུའུ་ཀེ་ལུའོ་ཏེ་ཀྲོའུ་ཞ་ནུའོ་ཕུའུ་ཀེ་ལུའོ་ཏེ་གནམ་ཐང་བཅས་ཚང་མར་མི་མེད་གནམ་གྲུའི་འཇབ་རྒོལ་གྱི་འཇིགས་སྐུལ་ཕོག་པའི་རྐྱེན་གྱིས་གནས་སྐབས་དོ་དམ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

གསར་འགོད་པས་རྩོམ་ཡིག་སྤེལ་བའི་བར་གནམ་ཐང་ཁག་གཅིག་གི་གནས་སྐབས་དོ་དམ་མེད་པ་བཟོས་ཡོད།


མཉམ་སྤྱོད།