དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་ཝེ་ནེ་ཙུའེ་ལས་རྡོ་སྣུམ་ཟོམ་ཁྲི5000རྩིས་སྤྲོད་བྱ་རྒྱུ་རེད་ཅེས་བཤད།

2026-01-07 14:37:25   |   74

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་ཟླ1ཚེས7ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས6ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཝེ་ནེ་ཙུའེ་ལས་ཨ་རིར་རྡོ་སྣུམ་ཟོམ་ཁྲི3000ནས་ཁྲི5000བར་རྩིས་སྤྲོད་བྱ་རྒྱུ་རེད་ཅེས་བཤད།

1.jpg

ཁྲོམ་ཕུས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ཐོག་རྡོ་སྣུམ་དེ་དག་ཁྲོམ་རའི་རིན་གོང་ལྟར་ཕྱིར་ཚོང་བྱ་རྒྱུ་དང་ཐོབ་པའི་མ་དངུལ་ཁོ་རང་ཉིད་ཀྱིས་དངོས་སུ་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན་ཞེས་བཤད།

ཁྲོམ་ཕུས་ད་དུང་ནུས་རྒྱུའི་པུ་ཀྲང་ཁེ་ལི་སི·ལའེ་ཐེ་ལ“འཕྲལ་མར་འཆར་གཞི་དེ་ལག་བསྟར་བྱེད་དགོས”པ་དང་འབྲེལ་རྡོ་སྣུམ“སྣུམ་གྲུ་ནས་བསྡུ་ལེན་བྱ་རྒྱུ་དང་འབྲེལ་ཨ་རིའི་ཟོག་འབེབས་གྲུ་ཁར་ཐད་ཀར་དབོར་དགོས”ཞེས་མཛུབ་སྟོན་གནང་ཟིན་ཞེས་བཤད།

ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་གནས་སྐབས་དེའི་ཐད་ལན་བཏབ་མེད།


མཉམ་སྤྱོད།