དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱི་བདེ་འཇགས་མི་སྣ111ཟིང་ཆའི་ནང་རང་སྲོག་ཤོར་འདུག

2026-01-12 09:16:42   |   604

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ1པའི་ཚེས12ཉིན་འབྱོར་བའི་གློག་འཕྲིན། ཧྥ་རན་སེ་གསར་འགྱུར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས11ཉིན་དབྱི་རན་སྲིད་གཞུང་གིས་ཟིང་ཆའི་རིང་རྐྱེན་ལམ་དུ་ཤོར་བའི་སྔོན་གཤེགས་དཔའ་བོར་དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་སུ་མྱ་ངན་ཞུས་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་སྲིད་གཞུང་གིས་ད་དུང་མང་ཚོགས་ལ་ཚེས12ཉིན་ཁྲོམ་སྐོར་བྱས་ནས“འཇིགས་སྐུལ་ཉེས་གསོག་པའི”གཏུམ་སྤྱོད་བྱ་སྤྱོད་ལ་རྒོལ་གཏམ་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད།

ཚེས11ཉིན། དབྱི་རན་ཐ་སི་ཉི་མུའུ་འཕྲིན་གཏོང་ཁང་གིས་དབྱི་རན་གཞུང་ཕྱོགས་ཀྱི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བདེ་འཇགས་སྡེ་ཚན་གྱི་མི་སྣ111ཉེ་དུས་ཀྱི་ཟིང་ཆའི་རིང་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ནང་སྲོག་ཤོར་ཡོད་པ་རེད།

ཉེ་དུས། དབྱི་རན་གྱི་ས་ཆ་མང་པོར་ཟོག་གོང་འཕར་བ་དང་དངུལ་ལོར་གྱི་འཛའ་ཐང་ཆག་པར་དམིགས་པའི་རྒོལ་གཏམ་གཏོང་བའི་བྱེད་སྒོ་ཐོན་པ་དང་། དེའི་རིང་ཟིང་ཆ་ཐོན་ནས་བདེ་འཇགས་མི་སྣ་དང་མང་ཚོགས་ཤི་རྨས་བྱུང་བ་རེད། ཚེས11ཉིན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་གིས་དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱི་ཆེད་དོན་བཅར་འདྲི་བྱེད་རིང་། དབྱི་རན་སྲིད་གཞུང་གིས་མང་ཚོགས་ཀྱི་རེ་འདུན་ཉན་རྒྱུར་མཐོང་ཆེན་བྱས་ནས་དབྱི་རན་མི་དམངས་ལ་འཕྲད་པའི་དཔལ་འབྱོར་གྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད་ཡོད་མོད། འོན་ཀྱང་ཨ་རི་དང་དབྱི་སི་རལ་གྱིས་དབྱི་རན་དུ་ཟིང་ཆ་བཟོ་རྒྱུའི་ངན་སྐུལ་བྱེད་དུ་འཇུག་མི་རུང་ཞེས་བཤད་པ་རེད།


མཉམ་སྤྱོད།