དེ་རིང་ནི2026ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱིན་ཇིས་དབྱི་རན་དུ་སྡོད་པའི་གཞུང་ཚབ་ཁང་གནས་སྐབས་སུ་སྒོ་བརྒྱབ་པ།

2026-01-15 09:40:05   |   116

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ1པའི་ཚེས14ཉིན་གྱི་གློག་འཕྲིན། ཚེས14ཉིན། དབྱིན་ཇིའི་ཕྱི་འབྲེལ་པུས་དབྱི་རན་དུ་བཅའ་སྡོད་བྱས་པའི་དབྱིན་ཇིའི་གཞུང་ཚབ་ཁང་གནས་སྐབས་སུ་སྒོ་བརྒྱབ་པ་ངོས་ལེན་བྱས་པ་རེད།

ཉིན་དེའི་སྔ་ཙམ་དུ། དབྱིན་ཇིའི་སྨྱན་སྦྱོར་གྱིས་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་གི་སྐད་ཆ་དྲངས་ནས་ཐེ་ཧེ་རན་དུ་བཙུགས་པའི་དབྱི་རན་དུ་བཅའ་སྡོད་བྱས་པའི་དབྱིན་ཇིའི་གཞུང་ཚབ་ཁང་གནས་སྐབས་སུ་སྒོ་བརྒྱབ་ནས་རྒྱང་བསྟེན་གཞུང་སྒྲུབ་ཏུ་བསྒྱུར་རྒྱུ་ཡིན་པའི་གནས་ཚུལ་སྤེལ་བ་རེད།

གཞན་ཡང་དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིས་ཁ་ཐར་དུ་ཡོད་པའི་ཨ་རིའི་ཝུའུ་ཏེ་ཏི་མཁའ་དམག་རྟེན་གཞི་ནས་དམག་དོན་མི་སྣ་ཕྱིར་འཐེན་བྱེད་མགོ་ཚུགས་པ་རེད།



མཉམ་སྤྱོད།