དེ་རིང་ནི2026ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱིས་གནས་སྐབས་སུ་བར་སྣང་སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

2026-01-15 11:05:08   |   109

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ1པའི་ཚེས15ཉིན་འབྱོར་བའི་གློག་འཕྲིན། ཨ་རིའི་ཧྥུའུ་ཁེ་སིའི་གསར་འགྱུར་གྱིས་ཆུ་ཚོད24ཡི་འཕུར་སྐྱོད་ལེ་ཏ་དྲ་ཚིགས་ཀྱི་གནས་ཚུལ་གསར་ཤོས་དྲངས་ནས་དབྱི་རན་གྱིས་འགྲུལ་སྐྱོད་བརྡ་ཁྱབ་བཏང་ནས་དེའི་མངའ་ཁོངས་བར་སྣང་གནས་སྐབས་སུ་སྒོ་བརྒྱབ་པ་དང་། ཆོག་འཐུས་ཐོབ་པའི་དབྱི་རན་དུ་འགྲོ་འོང་བྱེད་པའི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ལས་འགྲུལ་སྐྱོད་བྱེད་མི་ཆོག་པ་རེད། སྔོན་དཔག་བྱས་ན་འཕུར་མི་ཆོག་པའི་དུས་ཚོད་ཆུ་ཚོད་གཉིས་ལས་བརྒལ་རྒྱུ་རེད།

ཆུ་ཚོད24ཡི་འཕུར་སྐྱོད་ལེ་ཏ་དྲ་ཚིགས་ཀྱི་འཕུར་སྐྱོད་རྗེས་འདེད་གྲངས་གཞི་ལས་མངོན་པ་ལྟར་ན། གནམ་གྲུ་མང་པོ་ཞིག་དབྱི་རན་དུ་བསྐྱོད་མི་འདོད་པའམ་ཡང་ན་ཡང་ན་འཕུར་ལམ་བསྒྱུར་ནས་རྒྱལ་ཁབ་དེ་ལས་གཡོལ་ཐབས་བྱས་ཡོད།


མཉམ་སྤྱོད།