དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡའི་ནང་བློན་ཁང་གི་ཙུང་ལི་གཞོན་པ་དབྱང་ཧྲེང་ཧུའུ་གནས་དབྱུང་བཏང་བ།

2026-01-20 16:08:51   |   130

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཕོང་དབྱང་ནས་ཟླ1པོའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ཚེས19ཉིན། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལུང་ཁྲེང་འཕྲུལ་ཆས་མཉམ་འབྲེལ་ཁེ་ལས་ཀྱི་དུས་ཐེངས་དང་པོའི་དེང་རབས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་དང་། ཡུལ་དངོས་ནས་ནང་བློན་ཁང་གི་ཙུང་ལི་གཞོན་པ་དབྱང་ཧྲེང་ཧུའུ་གནས་དབྱུང་བཏང་བ་རེད།

ཅིན་ཀྲེང་ཨེན་གྱིས་ལུང་ཁྲེང་འཕྲུལ་ཆས་མཉམ་འབྲེལ་ཁེ་ལས་ཀྱི་དུས་ཐེངས་དང་པོའི་དེང་རབས་ཅན་གྱི་བཟོ་སྐྲུན་ནང་མགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས་འགན་འཁྲི་མི་འཁུར་བ་དང་། ནན་ཏན་མི་བྱེད་པ། ནུས་པ་མེད་པ་བཅས་ཀྱི་དབང་གིས་མིས་བཟོས་པའི་ཟང་ཟིང་དང་འཕྲད་པས་དཀའ་ངལ་དང་དཔལ་འབྱོར་གྱི་གྱོང་གུན་མི་ཉུང་བ་ཞིག་ཕོག་ཡོད། དུས་ཡུན་རིང་པོར་ཕམ་ཁུར་རིང་ལུགས་ལ་མགོ་འཁོར་ནས་འགན་མི་འཁུར་བ། སྒྱིད་ལུག་གི་རྣམ་འགྱུར་འཛིན་པ་བཅས་ཀྱི་མི་དེ་དག་ལ་རེ་སྒུག་མི་བྱེད་ཅེས་བཤད་པ་རེད།


མཉམ་སྤྱོད།