དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུ་དང་ཨ་རིའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉས་ཏ་ཝོ་སིར་གྲོས་མོལ་བྱས་པ།

2026-01-21 09:42:38   |   188

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ1པོའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ཚེས20ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་དམིགས་བསལ་འཐུས་མི་ཏེ་སྨི་ཐེ་ལི་ཡེ་ཧྥུའུ་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་དམིགས་བསལ་ཕོ་ཉ་ཝུའེ་ཐེ་ཁོའོ་ཧྥུའུ་དང་མག་པ་ཁུའུ་ཧྲི་ན་སུའེ་ཙེར་གྱི་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་གྲོས་མོལ་བྱས་པ་རེད།

གྲོས་མོལ་དེ་ཨ་རིའི་འཐུས་མི་ཚོགས་པས་གནས་སྐབས་སུ་བཙུགས་པའི་ཏ་ཝོ་སི་གྲོང་རྡལ་གྱི་དུས་རབས19པར་བཞེངས་པའི་ཆོས་ཁང་གི“ཨ་རིའི་གཞིས་ཁྱིམ”ཞེས་པར་འཚོགས་པ་རེད། ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་མོལ་ཆུ་ཚོད་གཉིས་ལྷག་ཙམ་བྱས་ཡོད།

ཝུའེ་ཐེ་ཁོའོ་ཧྥུའུ་ཡིས་གྲོས་མོལ་མཇུག་འགྲིལ་རྗེས་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་གྲོས་མོལ་དེ“ཧ་ཅང་ཧུར་ཐག་རེད”ཅེས་བཤད་པ་དང་། ཏེ་སྨི་ཐེ་ལི་ཡེ་ཧྥུའུ་ཡིས་གསར་འགོད་པར་གྲོས་མོལ་ལ“དགེ་མཚན་ལྡན་པ”པ་དང་། མི་དེ་བས་མང་བས་ཨུ་རུ་སུ་ཕྱོགས་ཀྱི་ལངས་ཕྱོགས་ཀྱི་ཡང་དག་རང་བཞིན་ཤེས་རྟོགས་ཐུབ་ཡོད་ཅེས་བཤད་པ་རེད།

ཏེ་སྨི་ཐེ་ལི་ཡེ་ཧྥུའུ་ནི་ཨུ་རུ་སུའི་ཐད་ཀའི་མ་འཇོག་ཐེབས་རྩའི་སྤྱི་ཁྱབ་དང་ཕྱི་ཕྱོགས་མ་འཇོག་དང་དེ་བཞིན་དཔལ་འབྱོར་མཉམ་ལས་ལས་དོན་གྱི་ཙུང་ཐུང་གི་དམིགས་བསལ་འཐུས་མི་ཞིག་ཡིན་པ་དང་། དེ་སྔ་ཝེ་ཐེ་ཁོའོ་ཧྥུའུ་སོགས་ཨ་རི་ཕྱོགས་ཀྱི་འཐུས་མི་དང་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་སྒྲིལ་བ་དམིགས་ཡུལ་དུ་བྱས་པའི་ཕྱི་འབྲེལ་འཕེལ་རིམ་ཐད་གྲོས་མོལ་ཐེངས་མང་བྱས་པ་རེད།


མཉམ་སྤྱོད།